མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་མགོ་ཁྲིད་རྣམས་ཀྱིས་ངལ་རྩོལ་དཔེ་ལེགས་ཅན་ལ་འཚམས་འདྲི་ཞུས།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-01 10:23

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་སྟོན་དུས་ཆེན་ཐོན་ལ་ཉེ་བའི་སྔ་ནུབ། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་དང་། ཧྲིན་ཀྲང་ཧའོ་ཕིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅུན་ཅོན་སོགས་ཞིང་ཆེན་གྱི་མགོ་ཁྲིད་ཁག་ཅིག་གིས། ཞིང་ཆེན་ཡོངས་ཀྱི་ལས་རིགས་སོ་སོའི་སྟེང་དུ་དཀའ་སྤྱད་འབད་འཐབ་བྱེད་ཀྱིན་པའི་ངལ་རྩོལ་དཔེ་ལེགས་ཅན་ལ་སྙིང་ཉེ་བའི་ངང་འཚམས་འདྲི་ཞུས།

ལོ་ཧོས་ཉིན་མཐོ་བོད་ལྕགས་ལམ་ཀུང་ཟིའི་ཟི་ལིང་ས་ཚུགས་ཀྱི་ཀྲུའུ་རིན་དང་། རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་ཧའོ་ཀོས་ཧི་ཡི་ཁྱིམ་དུ་སོང་ནས། ཁོར་མེ་ཏོག་ཕུལ། ལོ་ཧོས་ཉིན་གྱིས་བཤད་རྒྱུར། ངལ་རྩོལ་དཔེ་ལེགས་ཅན་ནི་སྤྱི་ཚོགས་ཀྱི་འཐབ་མོ་བ་དང་མཛངས་མི་རྣལ་མ་ཡིན་ལ། རྒྱལ་སྟོན་དུས་ཆེན་ཐོན་ལ་ཉེ་བའི་སྐབས་འདི་དང་བསྟུན་ནས། ང་ཚོ་ཆེད་དུ་ཁྱེད་ཅག་ལ་འཚམས་འདྲིར་ཡོང་ནས། ངལ་རྩོལ་དཔེ་ལེགས་ཅན་རྣམས་ལ་བླ་མེད་གུས་བཀུར་གྱི་སེམས་པ་ཙམ་བསྟན་པ་ཡིན་ཟེར། བློ་མཐུན་ཧའོ་ཀོས་ཧི་ནི་ལས་རིགས་ལ་བརྩོན་ཞིང་ལས་གནས་ལ་བླ་སྲོག་གིས་བཀུར་མཁན་ཞིག་ཡིན་པར་མ་ཟད། ཁོའི་ངལ་རྩོལ་གྱི་ལས་ཆོད་ནི་ཧ་ཅང་མཐོན་པོ་ཡིན་པས། ལོ་ཧོས་ཉིན་གྱིས་བློ་མཐུན་ཁོའི་ལས་རིགས་ལ་དགའ་ཞིང་ལས་རྐང་ལ་དད་པའི་སྙིང་སྟོབས་དང་བྱ་བའི་ལངས་ཕྱོགས་ལ་བསྟོད་བསྔགས་བྱས།

ཧའོ་ཕིན་གྱིས་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་དགའ་རྟགས་ཐོབ་མྱོང་མཁན། ཀྲུང་གོ་བཟོ་ཚོང་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་དངུལ་དོན་དོ་དམ་སྤྱི་གཉེར་བ་ཁྲིན་ཅན་ཅོན་ལ་འཚམས་འདྲི་ཞུས། ཧའོ་ཕིན་གྱིས་འཚམས་འདྲི་ཞུ་སྐབས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་ཁག་འཕེལ་རྒྱས་འགྲོ་མིན་གྱི་འགག་རྩ་ནི་ངལ་རྩོལ་དཔེ་ལེགས་ཅན་ལ་རག་ལས་ཡོད་པར་མ་ཟད། ང་ཚོས་ངེས་པར་དུ་ངལ་རྩོལ་དཔེ་ལེགས་ཅན་ལ་མཐོང་ཆེན་བླ་མེད་གནང་ནས། ཁོ་ཚོས་ལས་གནས་ལ་བཟུང་བའི་རྣམ་འགྱུར་དང་དཀའ་ངལ་ཁྱད་སེལ་བྱེད་ཐུབ་པའི་ཆོད་སེམས་དྲིལ་སྒྲོག་ཤུགས་ཆེན་བྱེད་དགོས་ཟེར།

ཝང་ཅན་ཅོན་གྱིས་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་དཔེ་ལེགས་ཅན་གྱི་བྱ་དགའ་ཐོབ་མྱོང་མཁན། བློ་མཐུན་ལིག་ཆང་ལ་འཚམས་འདྲི་ཞུས་རྗེས་བཤད་རྒྱུར། ལོ་ངོ་འདི་ཚོར་ལིག་ཆང་གིས་མཚོ་སྔོན་གྱི་སྤྱི་ཚོགས་འཕེལ་རྒྱས་ཐད་བཞག་པའི་བྱས་རྗེས་ལ་བཀའ་དྲིན་ཞུས་པ་མ་ཟད། ད་དུང་འཚམས་འདྲིའི་དངུལ་སྐྱེས་བྱིན། ཝང་ཅན་ཅོན་གྱིས་བཤད་རྒྱུར། མཚོ་སྔོན་གྱི་ལས་རིགས་སོ་སོའི་ཁྱབ་ཁོངས་ཀྱི་ངལ་རྩོལ་མི་སྣས། སྔར་ལས་ལྷག་པའི་སྒོ་ནས་རང་སྟེང་གི་ཀུན་སྤྱོད་མཐོར་འདེགས་དང་བྱ་བར་བཟུང་བའི་རྣམ་འགྱུར་ཇེ་ལེགས་སུ་བཏང་ནས། མཚོ་སྔོན་ཞིང་ཆེན་གྱི་འཕེལ་རྒྱས་ལ་སྟོབས་ཤུགས་གང་ཡོད་འདོན་དགོས་པའི་སེམས་འདུན་བཏོན།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག