མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ད་ལོའི་སྐོར་གཉིས་པའི་ཤང་གྲོང་མ་མཐའི་འཚོ་བའི་འགན་སྲུང་ཁ་གསབ་མ་དངུལ་སྒོར་དུང་ཕྱུར3.53བཏང་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-01 10:23

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་ནོར་སྲིད་ཐིན་དང་མཉམ་འབྲེལ་བྱས་ཏེ། ས་ཁུལ་སོ་སོར2014ལོའི་སྐོར་གཉིས་པའི་མ་མཐའི་འཚོ་བའི་འགན་སྲུང་ཁ་གསབ་མ་དངུལ་བྱིན། ཐེངས་འདིར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར3.53བཏང་ཡོད།

དེའི་ནང་། གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1.67དང་། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1.85ཡོད་ལ། མ་མཐའི་འཚོ་བའི་འགན་སྲུང་གྲོན་དངུལ་སྤྱི་ཚོགས་རང་བཞིན་གྱི་ཞབས་ཞུ་འགྲོ་གྲོན་སྒོར་ཁྲི143ཡོད། མཚོ་སྔོན་ཞིང་ཆེན་གྱི2014ལོའི་ཤང་གྲོང་མ་མཐའི་འཚོ་བའི་འགན་སྲུང་ཁ་གསབ་མ་དངུལ་དང་ཁ་གསབ་ཚད་གཞི་ཇེ་མཐོར་བཏང་བའི་མ་དངུལ་ཚང་མ་བྱིན་ཚར་ཡོད།

ཞིང་ཆེན་དམངས་སྲིད་ཐིན་དང་ནོར་སྲིད་ཐིན་གྱིས་མ་དངུལ་འཚོ་བའི་འགན་སྲུང་མ་དངུལ་དོ་དམ་དང་རྩིས་སྤྲོད་བྱེད་པར་བླང་བྱ་བཏོན་ཡོད་པ་དང་། ས་ཁུལ་སོ་སོས་མགྱོགས་མྱུར་ངང་མ་དངུལ་རྩིས་སྤྲོད་བྱས་ཏེ། དུས་ལྟར་མ་མཐའི་འཚོ་བའི་འགན་སྲུང་མ་དངུལ་དེ་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་གྱི་ལག་ཏུ་བྱིན་ནས། ཞིང་ཆེན་ཡོངས་ཀྱི་ཤང་གྲོང་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་གྱི་གཞི་རྩའི་འཚོ་བར་ཁག་ཐེག་བྱེད་དགོས་ལ། མ་དངུལ་དོ་དམ་ལ་ཤུགས་བསྣན་ནས། མ་དངུལ་གཞན་སྤྱོད་གཏན་འགོག་བྱས་ཏེ་ཤང་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་ཁ་གསབ་མ་དངུལ་བདེ་འཇགས་ངང་འཁོར་སྤྱོད་བྱེད་པར་ཁག་ཐེག་བྱེད་དགོས། ནན་ཏན་གྱིས་སྤྱི་ཚོགས་ཅན་དུ་སྟེར་བའི་བླང་བྱ་ལག་བསྟར་བྱེད་དགོས་པ་མ་ཟད་མ་དངུལ་སྟེར་བའི་བསྡོམས་རྩིས་བྱ་བ་ལེགས་པོར་སྒྲུབ་པ་དང་། དུས་ལྟར་མ་དངུལ་ལག་བསྟར་དང་བགོ་སྤྲོད་བྱེད་པའི་གནས་ཚུལ་ཞིང་ཆེན་དམངས་སྲིད་ཐིན་དང་ནོར་སྲིད་ཐིན་ལ་ཡར་ཞུ་བྱེད་དགོས་པའི་བླང་བྱ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག