མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྟག་འབུམ་ཐར་དཔའ་ལུང་དང་ཞོན་ཧྭ་རྫོང་གཉིས་སུ་ཕྱིན་ནས་འཐུས་མིའི་བསམ་འཆར་སྒྲུབ་པའི་བྱ་བར་ཞིབ་བཤེར་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-01 10:23

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི28ཉིན་ནས་ཚེས29ཉིན་བར། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པ་སྟག་འབུམ་ཐར་གྱིས་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་ཨུ་ཡོན་དང་དམངས་ཆེན་འཐུས་མི་སྐོར་ཞིག་ཁྲིད་དེ། རོང་འབྲོག་ས་ཁུལ་གྱི་ཞིང་ཆེན་དམངས་ཆེན་འཐུས་མིའི་བསམ་འཆར་སྒྲུབ་པའི་བྱ་བར་ཆེད་དམིགས་ཞིབ་བཤེར་བྱས་ཤིང་། དཔའ་ལུང་རྫོང་དང་ཞོན་ཧྭ་རྫོང་གཉིས་སུ་ཡུལ་དངོས་ནས་འཐུས་མིའི་བསམ་འཆར་དངོས་འབེབས་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས།

ཞིབ་བཤེར་ཚན་ཆུང་སྔ་རྗེས་སུ་རྨ་ཆུའི་ཚོད་སླེ་ཐོན་སྐྱེད་རྟེན་གཞི་དང་རྨ་འབྲི་རྫ་གསུམ་འབྲི་གཡག་གསོ་སྤེལ་ཀུང་ཟི། ཧའེ་ལིན་ཆུ་ཐོན་གསོ་སྤེལ་མཉམ་ལས་ཁང་བཅས་སུ་ལྟ་ཞིབ་བྱས་པ་དང་། ཡུལ་དངོས་ནས་འཐུས་མིའི་བསམ་འཆར་དངོས་འབེབས་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་མ་ཟད། བསམ་འཆར་སྒྲུབ་པའི་བྱ་བའི་ལམ་ལུགས་འཛུགས་པ་དང་བྱ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་ལས་སྒྲུབ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱས།

སྟག་འབུམ་ཐར་གྱི་བསྟན་དོན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱི་ཞིང་ཕྱུགས་སྡེ་ཁག་གིས་དམངས་ཆེན་འཐུས་མིའི་བསམ་འཆར་སྒྲུབ་པ་དང་ནན་ཏན་སྒོས་ཏང་དང་རྒྱལ་ཁབ་ཀྱི་ཞིང་བའི་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་ལག་བསྟར་བྱེད་པ་ཟུང་སྦྲེལ་བྱས་ཏེ། མཚོ་སྔོན་གྱི་མཐོ་སྒང་དང་གྲང་འཁྱག སྦག་བཙོག་མེད་པ་སོགས་ཀྱི་ལེགས་ཆ་འདོན་སྤེལ་དང་དམ་འཛིན་བྱས་ཏེ། མཐོ་སྒང་གི་ཁྱད་ཆོས་ལྡན་པ་དང་མཚོ་སྔོན་གྱི་ཁྱད་ལྡན་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་འཛུགས་སྐྲུན་བྱེད་པ་གཙོ་བོར་བཟུང་སྟེ། ནོར་སྲིད་ཀྱི་དངུལ་གཏོང་ལ་མུ་མཐུད་དུ་ཤུགས་བསྣན་པ་དང་སྒྲིག་ཆས་ཞིང་ལས་འཕེལ་རྒྱས་ཅུང་མགྱོགས་པ། སྒྲིག་གཞི་ལེགས་སྒྲིག་བརྟན་བརླིང་དང་བཟང་བ། ལག་རྩལ་ཁྱབ་གདལ་དངོས་བཀོལ་གྱི་ཕན་འབྲས་མངོན་གསལ་ཐོན་ཞིང་། འཐུས་མིའི་བསམ་འཆར་ཕན་ནུས་ལྡན་པའི་སྒོ་ནས་དངོས་འབེབས་བྱས་ཡོད་པས་མི་དམངས་མང་ཚོགས་ལ་ཕན་ཁེ་ཐོབ་པ་དང་། ཞིང་ཕྱུགས་བྱ་བར་སྐུལ་འདེད་ཐོབ་ཡོད།

སྟག་འབུམ་ཐར་གྱིས་ནན་གྱིས་བསྟན་དོན། འགན་སྒྲུབ་ལས་ཁུངས་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་ངོས་འཛིན་ཇེ་མཐོར་བཏང་ནས་བསམ་འཆར་སྒྲུབ་པའི་བྱ་བའི་རང་འགུལ་རང་བཞིན་ཇེ་ཆེར་གཏོང་བ་དང་། བྱ་བའི་གོ་རིམ་འཐུས་ཚང་དང་གཙོ་གནད་གོ་རིམ་གཙིགས་སུ་བཟུང་སྟེ་གོ་རིམ་ལྡན་པའི་སྒོ་ནས་ལས་སྒྲུབ་ཀྱི་བྱ་བར་སྐུལ་འདེད་དང་། ཧུར་བརྩོན་གྱིས་འཐུས་མིའི་བསམ་འཆར་དངོས་འབེབས་གང་ལེགས་བྱས་ཏེ། འཐུས་མི་ཡིད་ཚིམ་པ་དང་མི་དམངས་མང་ཚོགས་ཡིད་ཚིམ་པར་བྱེད་དགོས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག