མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-26 11:50

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས། ཉིན་དེའི་སྔ་དྲོར་ལྟེ་གནས་ཚན་ཆུང་གི་ཁོངས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་དམིགས་ནས་བསམ་ཚུལ་བརྗེ་རེས་དང་གྲོས་བསྡུར་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལའོ་ཧོས་ཉིན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་མ་ཟད་རེ་བ་གསལ་བོ་བཏོན། ཧྲིན་ཀྲང་ཧའོ་ཕུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་སོགས་བློ་མཐུན་དྲུག་གིས་བསམ་ཚུལ་བརྗེ་རེས་བྱེད་པའི་གཏམ་བཤད་སྤེལ། དེ་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་ཁོངས་མི་ཞིང་ཆེན་ཡོངས་ཀྱི་ཆེད་དོན་སློབ་སྦྱོང་དང་སློབ་གསོའི་ཚོགས་འདུར་ཞུགས་པའི་ཐུན་མོང་གི་སློབ་སྦྱོང་བྱ་འགུལ་ཐེངས་ཤིག་ཡིན།

སློབ་སྦྱོང་དང་གྲོས་བསྡུར་བྱེད་སྐབས། ཚང་མས་རང་གི་བྱ་བའི་དོན་དངོས་དང་སྦྲེལ་ཏེ་སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་བཅིངས་གྲོལ་དང་གནད་སའི་བྱ་བར་ཡར་སྐུལ་བྱེད་པ། འབུར་ཐོན་གནད་དོན་ཐག་གཅོད་བྱེད་པ། འཕེལ་རྒྱས་ཀྱི་འཆར་འགོད་འཐུས་ཚང་དུ་གཏོང་བའི་སྐོར་གྱི་ངོས་ཟིན་གླེང་བ་དང་བྱེད་ཐབས་བརྗོད་པ། ཚང་མས་མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་སྐྱེ་ཁམས་ལ་རག་ལས་པ་ཡིན་ལ། ཆེས་ཆེ་བའི་བྱས་རྗེས་སྐྱེ་ཁམས་རག་ལས་པ་ཡིན་པ་དང་། འགན་འཁྲི་ཆེས་ལྗིད་མོ་ཡང་སྐྱེ་ཁམས་ཡིན་པས། སྐྱེ་ཁམས་ལ་སྲུང་སྐྱོབ་ལེགས་པོ་བྱེད་དེ་རྒྱལ་ཡོངས་ཀྱི་ཆེ་ཕྱོགས་ལ་ཞབས་ཞུ་་ལེགས་པོ་བྱེད་པའི་དགོས་མཁོ་ཡིན་ལ། མཚོ་སྔོན་རང་སྟེང་ནས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་གཏོང་བའི་དགོས་མཁོ་ཡང་ཡིན་པར་འདོད།

ཉིན་དེའི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གིས་རྒྱ་སྐྱེད་གྲོས་ཚོགས་བསྡུས། རྒྱལ་ཁབ་ཚན་རིག་ལག་རྩལ་པུའུ་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་གཞོན་པ་ཝང་ཀྲི་ཀང་གིས་ཁ་ཡིག་ལ«འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་གསར་སྐྲུན་བྱེད་པའི་འཐབ་ཇུས་དེ་དངོས་འབེབས་ལ་རག་ལས་པ»ཞེས་པའི་ཆེད་དོན་འཆད་ཁྲིད་སྤེལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅི་ཏིས་མཱ་ཅ་ཡིས་སྙན་ཞུའི་ཚོགས་འདུར་འགོ་འཛིན་བྱས།

 མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་ཁོངས་མི་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་སྡེ་ཁག་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་སོ་སོ་དང་མང་ཚོགས་ཚོགས་པ། མཐོ་རིམ་སློབ་གླིང་སོགས་ཀྱི་འགན་ཁུར་བ་གཙོ་བོས་ཉིན་དེའི་འཆད་ཁྲིད་ལ་ཉན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག