མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་སྡོད་ཁུལ་གྱི“ སྡེ་དམངས་ཨུ་ཡོན་ལྷན་ཁང་དང་། ཏང་ཀྲི་པུའུ”གཉིས་ཀྱི་སྐབས་བརྗེ་འདེམ་བསྐོ་བྱ་བའི་སྐུལ་སློང་དང་རྐང་འཛིན་པ་གསོ་སྦྱོང་བྱེད་པའི་གྲོས་ཚོགས་བསྡུས།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-26 11:49

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས24ཉིན། ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་སྡོད་ཁུལ་གྱི“ སྡེ་དམངས་ཨུ་ཡོན་ལྷན་ཁང་དང་། ཏང་ཀྲི་པུའུ”གཉིས་ཀྱི་སྐབས་བརྗེ་འདེམ་བསྐོ་བྱ་བའི་སྐུལ་སློང་དང་རྐང་འཛིན་པ་གསོ་སྦྱོང་བྱེད་པའི་གྲོས་ཚོགས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་ཝང་ལིན་ཅུན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ཞིང་ཆེན་དམངས་སྲིད་ཐིན་གྱིས་སྐབས་བརྗེ་འདེམ་བསྐོ་བྱ་བ་བཀོད་སྒྲིག་བྱས། ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་། སྡོད་ཁུལ་གྱི“སྡེ་དམངས་ཨུ་ཡོན་ལྷན་ཁང་དང་། ཏང་ཀྲི་པུའུ”གཉིས་ཀྱི་སྐབས་བརྗེ་འདེམ་བསྐོ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་། གྲོང་ཁྱེར་དང་ཁུལ། རྫོང་། ས་གནས་ཨུ་ཡོན་ལྷན་ཁང་བཅས་ཀྱི་རྩ་འཛུགས་པུའུ་ཀྲང་དང་། སྲིད་གཞུང་གི་ལས་བགོའི་མགོ་ཁྲིད་པ། དམངས་སྲིད་ཅུའུ་ཀྲང་སོགས་གྲོས་ཚོགས་སུ་ཞུགས།

ཝང་ལིན་ཅུན་གྱིས་ནན་གྱིས་བསྟན་དོན། གཞི་རིམ་དམངས་གཙོ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་རྨང་གསུམ་འཛུགས་སྐྲུན་བྱ་བར་ཡར་སྐུལ་བྱེད་དགོས་པ་དང་། སྤྱི་ཚོགས་བཅོས་སྐྱོང་གསར་སྐྲུན་དང་བཅོས་སྐྱོང་ནུས་པ་ཇེ་མཐོར་གཏོང་བ། སློབ་གསོ་ལག་ལེན་ཇེ་བརྟན་དུ་གཏོང་བའི་བྱ་འགུལ་སྤེལ་ནས་བླངས་བའི་གྲུབ་འབྲས་ལ་མཐོང་ཆེན་བྱས་ནས། སྡེ་བ་དང་སྡོད་ཁུལ་བཅས་ཀྱི“སྡེ་དམངས་ཨུ་ཡོན་ལྷན་ཁང་དང་། ཏང་ཀྲི་པུའུ”གཉིས་ཀྱི་སྐབས་བརྗེ་འདེམ་བསྐོ་བྱ་བར་བཟང་བོར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཟེར།

ཝང་ལིན་ཅུན་གྱིས་བསྟན་དོན། ནན་ཏན་སྒོས་མགོ་ཁྲིད་གསར་རྙིང་གཉིས་ཀྱི་འབྲེལ་མཐུད་བྱ་བ་དང་། མགོ་ཁྲིད་ཁོངས་མི་གསར་རྙིང་གཉིས་གསོ་སྦྱོང་བྱེད་པ། ཆ་ཚང་རྩ་འཛུགས་འཐུས་ཚང་དུ་གཏོང་བ། བྱ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་སོགས་རྗེས་ཕྱོགས་ཀྱི་བྱ་བ་བཟང་བོར་སྒྲུབ་དགོས་པ་དང་། སྐབས་བརྗེ་འདེམ་བསྐོ་གྲུབ་འབྲས་ཇེ་བརྟན་དུ་གཏོང་དགོས། རིམ་པ་བཞིན་དུ་སྐབས་བརྗེ་བྱ་བའི་མགོ་ཁྲིད་ཚན་ཆུང་དང་། སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས་པ་དང་། བྱ་བའི་འགན་ཁུར་དངོས་འབེབས་བྱས་ནས། སྐབས་བརྗེ་འདེམ་བསྐོ་བྱ་བ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་དགོས་ཟེར།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག