མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་སློབ་ཞུགས་སྔོན་གྱི་སློབ་གསོའི་དགེ་རྒན4000ལྷག་ལ་གཅིག་བསྡུའི་གསོ་སྦྱོང་བྱས་ཤིང་གསོ་སྦྱོང་བྱེད་ཚད90%ལ་སླེབས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-25 10:17

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས23ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཟླ8པར་ཞིང་ཆེན་ཡོངས་ཀྱི་སློབ་ཞུགས་སྔོན་གྱི་སློབ་གསོའི་ཆེད་གཉེར་དགེ་རྒན་དང་བྱིས་གཉོར་ཁང་གི་འགོ་བར་གཅིག་བསྡུའི་གསོ་སྦྱོང་བྱས་ཏེ་མཇུག་མཐའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ་དེས། མཚོ་སྔོན་གྱི་སློབ་ཞུགས་སྔོན་གྱི་སློབ་གསོའི་དགེ་རྒན90ལ་སློབ་ཞུགས་སྔོན་གྱི་སློབ་གསོའི་ཆུ་ཚད་མཐོ་བའི་གསོ་སྦྱོང་བྱས་པ་མཚོན་ཞིང་། སློབ་ཞུགས་སྔོན་གྱི་སློབ་གསོའི་དགེ་རྒན་གྱི་དཔུང་སྡེའི་ཆེད་ལས་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་བཏང་།

ཞིང་ཆེན་ཡོངས་ལ་ད་ལྟ་རིགས་སོ་སོའི་བྱིས་གཉོར་ཁང1245དང་སློབ་གྲྭ་ཆུང་འབྲིང་ཁོངས་གཏོགས་ཀྱི་བྱིས་གཉོར་ཁང1106ཡོད་པ་དང་། བྱིས་གཉོར་ཁང་དུ་ཚུད་པའི་བྱིས་པ་ཁྲི16.7དང་བྱིས་གཉོར་དགེ་རྒན4688ཡོད། སློབ་ཞུགས་སྔོན་གྱི་ལོ་གསུམ་ཅན་གྱི་བྱིས་པ་བྱིས་གཉོར་ཁང་དུ་ཚུད73.9%ལ་སླེབས་པ་དང་ལོ་གསུམ་གྱི་སྔོན་དང་བསྡུར་ན་བརྒྱ་ཆའི་ཆ14འཕར་ཡོད་ཀྱང་། ཞིང་ཆེན་ཡོངས་ཀྱི་བྱིས་གཉོར་ཁང་དེ་སྔར་བཞིན་སློབ་ཞུགས་སྔོན་གྱི་སློབ་གསོའི་དགེ་རྒན་ཆེད་ལས་ཆུ་ཚད་མི་འདང་བ་དང་། སློབ་ཁྲིད་ཀྱི་ཆུ་ཚད་དེ་ནང་ལོགས་འཕེལ་རྒྱས་ས་ཁུལ་དང་བསྡུར་ན་ཧེ་བག་ཡོད་པ། སློབ་ཆུང་རྣམ་པ་ཅན་དུ་ཕྱོགས་ཚད་ཚབས་ཆེ་བ་སོགས་ཀྱི་གནས་ཚུལ་ལྷག་ཡོད། དེ་བས་ན་ནིང་ནས་བཟུང་རྒྱལ་སའི་དགེ་ཐོན་སློབ་ཆེན་གྱིས་ས་ཁུལ་རེ་ལ་སྲིད་ཇུས་རེའི་རྩ་དོན་ལ་གཞིགས་ཏེ། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་ས་ཁུལ་དང་རིགས་བགར་ནས་གསོ་སྦྱོང་འཆར་འགོད་བཟོས་པ་མ་ཟད། ན་ནིང་གི་ཟླ11པ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་སློབ་ཞུགས་སྔོན་གྱི་སློབ་གསོའི་དགེ་རྒན་ལ་གཅིག་བསྡུའི་གསོ་སྦྱོང་བྱས། གསོ་སྦྱོང་སྐབས17སྤེལ་བ་བརྒྱུད་ཞིང་ཆེན་ཡོངས་ཀྱི་སློབ་ཞུགས་སྔོན་གྱི་སློབ་གསོའི་དགེ་རྒན4200ལ་གསོ་སྦྱོང་ཐོབ་པ་དང་། གསོ་སྦྱོང་ཐོབ་ཚད90%ལ་སླེབས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག