མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་གསར་འགྱུར་ལས་བྱེད་མི་སྣའི་མཐུན་ཚོགས་ཀྱི་སྐབས་དྲུག་པའི་རྒྱུན་ལས་དོན་གཅོད་གྲོས་ཚོགས་ཐེངས་གསུམ་པ་བསྡུས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-25 10:17

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་གྱི་གསར་འགྱུར་ལས་བྱེད་མི་སྣའི་མཐུན་ཚོགས་ཀྱི་སྐབས་དྲུག་པའི་རྒྱུན་ལས་དོན་གཅོད་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ལ། ཚོགས་འདུའི་སྟེང་ཀྲུའུ་ཞང་ཧྥིན་གསར་འགྱུར་ལས་བྱེད་མི་སྣའི་མཐུན་ཚོགས་ཀྱི་ཀྲུའུ་ཞིར་བདམས་པ་དང་། ཀྲང་ཝེ་དང་ལུའུ་ཞ་ཀྲུའུ་ཞིར་གཞོན་པར་བདམས།

ཚོགས་འདུའི་སྟེང་། ཀྲུའུ་ཞང་ཧྥིན་གྱིས་ཞིང་ཆེན་གསར་འགྱུར་ལས་བྱེད་མི་སྣའི་མཐུན་ཚོགས་ཀྱི་ཚབ་བྱས་ཏེ། ཞིང་ཆེན་གསར་འགོད་པའི་མཐུན་ཚོགས་ལ་བྱ་བའི་བླང་བྱ་བཏོན་པ་མ་ཟད། ཞིང་ཆེན་གསར་འགོད་པའི་མཐུན་ཚོགས་ཀྱིས་ཡང་དག་པའི་ཁ་ཕྱོགས་རྒྱུན་བསྐྱངས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཏོན་པའི་སྲིད་ཇུས་ཐག་གཅོད་གལ་ཆེན་ལ་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་མཐར་ཕྱིན་བྱས་ཏེ། ཏང་གི་འདུན་པ་མཚོན་པ་དང་མི་དམངས་མང་ཚོགས་ཀྱི་འདོད་བློ་ཚུར་སྣང་བྱེད་པ་གཉིས་གཅིག་ཏུ་སྦྲེལ་ནས་བསམ་བློ་གཅིག་གྱུར་དང་ནུས་ཤུགས་གཅིག་སྒྲིལ་བྱེད་པའི་གླེང་ཕྱོགས་ཀྱི་འགན་འཁྲི་དང་དུ་ལེན་དགོས། དྲང་ཕྱོགས་ནས་དྲིལ་སྒྲོག་བྱེད་པ་གཙོ་ཡིན་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ས་ཁུལ་དང་སྡེ་ཁག་སོ་སོས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བཏོན་པའི་བྱེད་ཐབས་དང་ཕན་འབྲས་གསར་བ་དྲིལ་སྒྲོག་བྱས་ནས་ཧུར་བརྩོན་གྱིས“ཁུལ་གསུམ”གསར་འཛུགས་བྱེད་པར་བྱས་རྗེས་འཇོག་དགོས་པར་ནན་གྱིས་བསྟན།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག