མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧི་ནན་རྫོང་གིས་མཛེས་སྡུག་གི་མཁར་གྲོང་འཛུགས་སྐྲུན་བྱེད་པའི་བྱ་བ་དམ་འཛིན་བྱས།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-25 10:13

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཛེས་སྡུག་གི་མཁར་གྲོང་འཛུགས་སྐྲུན་བྱ་བ་དམ་འཛིན་བྱེད་ཆེད། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་གིས་གཡུ་རྒན་ཉིན་གྲོང་རྡལ་ནས་མཛེས་སྡུག་གི་མཁར་གྲོང་འཛུགས་སྐྲུན་བྱེད་པའི་ལས་གཞི་བཅུ་དྲུག་གི་སྔོན་མའི་བྱ་བ་དང་། མ་དངུལ་དོན་ཐོག་ཏུ་འཁྱོལ་བའི་བྱ་བ་། འགན་ཁུར་བགོ་བ་སོགས་ཐད་ཀྱི་བྱ་བ་ཞིབ་རྒྱས་ངང་སྤེལ་བ་དང་དངོས་འབེབས་བྱ་བ་དམ་འཛིན་བྱས།

གཡུ་རྒན་ཉིན་གྲོང་རྡལ་ནས་མཛེས་སྡུག་གི་མཁར་གྲོང་འཛུགས་སྐྲུན་བྱེད་པའི་ལས་གཞི་བཅུ་དྲུག་ལ་སྤྱིའི་མ་དངུལ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་དགུ་བཏང་ཞིང་། དེའི་ནང་དུ་མཛེས་སྡུག་གི་མཁར་གྲོང་འཛུགས་སྐྲུན་བྱེད་པའི་ཞིང་ཆེན་རིམ་པའི་ཆེད་སྤྱོད་ལས་གཞི་དྲུག་ཡོད་པ་དང་། སྤྱིའི་མ་དངུལ་སྒོར་མོ་བྱེ་བ་དྲུག་དང་ས་ཡ་ལྔ་ཁྲི་ལྔ་བཏང་། རང་གྲབས་མ་དངུལ་སྒོར་མོ་ས་ཡ་གསུམ་དང་འབུམ་གཉིས་ཁྲི་དྲུག་ཏུ་བསླེབས་པ་དང་། བོད་ཁུལ་གྱི་ཆེད་སྤྱོད་ལས་གཞི་ལྔ་ཡོད། སྤྱིའི་མ་དངུལ་སྒོར་མོ་བྱེ་བ་དྲུག་དང་ས་ཡ་གསུམ་འབུམ་གཅིག་ཁྲི་བཞི་བཏང་ཞིང་། རང་གྲབས་མ་དངུལ་སྒོར་མོ་བྱེ་བ་གཅིག་དང་འབུམ་དྲུག་ཁྲི་དྲུག་ཏུ་བསླེབས་པས།གཡུ་རྒན་ཉིན་གྲོང་རྡལ་ནས་མཛེས་སྡུག་གི་མཁར་གྲོང་འཛུགས་སྐྲུན་བྱེད་པའི་ལས་གཞི་བདེ་བླག་ངང་སྤེལ་བར་རྨང་གཞི་བརྟན་པོ་བཏིངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག