མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་པོ་མཛེས་ལྗོངས་ཁུལ་དང་ཏ་ཐུང་རྫོང་གཉིས་རྒྱལ་ཁབ་སྐྱེ་ཁམས་གནས་སྐོར་དཔེ་སྟོན་ཁུལ་དུ་སྙན་ཞུ་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།    2014-09-25 10:12

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནས་སྐོར་ཅུའུ་དང་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིན་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱི་སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་དང་ཏ་ཐུང་ཧེ་རིགས་རང་སྐྱོང་རྫོང་གཉིས་རྒྱལ་ཁབ་རིམ་པའི་དཔེ་སྟོན་ཁུལ་དུ་སྙན་ཞུ་བྱས་པ་དང་། མཚོ་སྔོན་གྱིས་ཀྱང་ཁུལ་དེ་གཉིས་2014ལོའི་རྒྱལ་ཁབ་སྐྱེ་ཁམས་གནས་སྐོར་དཔེ་སྟོན་ཁུལ་དུ་སྙན་ཞུ་བྱས།

ད་ལོར་ཞིང་ཆེན་གནས་སྐོར་ཅུའུ་དང་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིན་གྱིས་དཔྱད་འདེམས་བྱེད་པའི་ཐབས་སྤྱད་དེ། ཆ་རྐྱེན་དང་འཚམ་པའི་མཚོ་སྔོན་གྱི་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་གནས་སྐོར་དཔེ་སྟོན་ཁུལ་སྙན་ཞུའི་ཁྱབ་ཁོངས་བདམས། མཇུག་མཐར་ལེགས་འདེམས་རྩ་དོན་ལ་གཞིགས་ཏེ། ལག་རྩལ་དཔྱད་འཇོག་དང་ཡུལ་དངོས་ལྟ་ཞིབ་བྱས་རྗེས་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་དང་ཏ་ཐུང་ཧེ་རིགས་རང་སྐྱོང་རྫོང་གཉིས་དེའི་ནང་དུ་ཚུད།

མཚོ་སྔོན་གནས་སྐོར་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་བ་དང་བསྟུན། མཚོ་སྔོན་པོ་མཛེས་ལྗོངས་དང་ཏ་ཐུང་ཧེ་རིགས་རང་སྐྱོང་རྫོང་གི་མཚན་སྙན་མུ་མཐུད་དུ་ཇེ་ཆེར་སོང་ཡོད། ཏ་ཐུང་རྫོང་གི་གནས་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། ལའོ་ཡེ་ཧྲན་དང་ཡའོ་ཙི་ཀུ ཚ་ཨར་ཧན་མཛེས་ལྗོངས་བཅས་ལ་སྐྱེ་ཁམས་ཁོར་ཡུག་ལེགས་པོ་ཡོད་ལ་ནགས་ཚལ་གྱིས་ཁྱབ་ཤིང་སྔོ་ཤུན་ཕུན་སུམ་ཚོགས་པ་ཡོད་པས་ནུབ་བྱང་ས་ཁུལ་གྱི་སྙན་གྲགས་ཆེ་བའི་མཛེས་ལྗོངས་ཁུལ་དུ་གྱུར་ཡོད།

མཚོ་སྔོན་པོ་ནི་རང་རྒྱལ་གྱི་སྐམ་སའི་ཚྭ་མཚོ་ཆེན་མོ་ཡིན་པ་དང་། བརླན་སའི་སྐྱེ་དངོས་རིགས་སྣ་ཕུན་སུམ་ཚོགས་ལ། བརླན་སའི་མཛེས་ལྗོངས་ལ་ཁྱད་དུ་འཕགས་པའི་སྐྱེ་ཁམས་གནས་སྐོར་རིན་ཐང་ལྡན་ཞིང་། མཚོ་སྔོན་པོར་བསྐོར་བའི་ལྕགས་རྟ་འགྲན་བསྡུར་བདེ་བླག་ངང་སྤེལ་བ་དེས་མཚོ་སྔོན་པོའི་སྐྱེ་ཁམས་གནས་སྐོར་གྱི་འགུག་ཤུགས་ཇེ་ཆེར་བཏང་ལ། ལྷག་པར་དུ་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་ནི་ཀྲུང་གོའི་ཆེས་མཛེས་པའི་མཚེའུ་ཆེན་མོ་བཅུའི་ནང་དུ་ཚུད་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག