མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་བྱང་ཁུལ་གྱི་དམངས་གཉེར་ཁེ་ལས་ཉི་ཤུ་དང་དབུལ་ཕོངས་སྡེ་བ་ཉེར་ལྔ་བར་ཁ་གཏད་རོགས་སྐྱོར་འབྲེལ་བ་བཙུགས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-23 10:46

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔའི་བར་དུ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་དམངས་གཉེར་ཁེ་ལས་ཉི་ཤུ་དང་དབུལ་ཕུངས་སྡེ་བ་ཉེར་ལྔའི་བར་དུ་ཁ་གཏད་རོགས་སྐྱོར་འབྲེལ་བ་བཙུགས་ནས། ཁེ་ལས་ཀྱིས་རོགས་སྐྱོར་དང་སྣེ་ཁྲིད་བྱས་ཏེ་དབུལ་ཕོངས་སྡེ་བའི་ཐོན་སྐྱེད་འཕེལ་རྒྱས་སུ་གཏོང་བ་དང་།དབུལ་ཕོངས་ལས་ཐར་བར་བྱས།

དམངས་གཉེར་ཁེ་ལས་ཀྱི་དབུལ་ཕོངས་གསར་སྤེལ་བྱ་བའི་ཁྲོད་ཀྱི་ནུས་པ་གལ་ཆེན་སྔར་ལས་འདོན་སྤེལ་བྱེད་ཆེད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཧུར་ཐག་གིས་དམངས་གཉེར་ཁེ་ལས་ཐོན་ལས་དབུལ་སྐྱོར་དང་ཆེད་དོན་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར་ཁྲོད་ཞུགས་པར་སྣེ་ཁྲིད་བྱས་ཏེ། ཁུལ་ཡོངས་ཀྱི་དབུལ་ཕོངས་སྡེ་བ་བརྒྱ་དང་བཅུ་རོགས་སྐྱོར་བྱེད་ཡུལ་དུ་བྱེད་པ་དང་། ཐོན་ལས་ཀྱིས་སྣེ་ཁྲིད་དང་མུ་སྦྲེལ་ནས་གསར་སྤེལ་བྱེད་པ་དེ་ཐོད་བརྒལ་བྱེད་ས་རུ་བྱས་ནས། ཧུར་ཐག་གིས་ཁྱིམ་ཚང་དུ་ཕྱུགས་བསྒྱུར་ལས་གཞི་ཡོད་པ་དང་སྡེ་བ་རུ་ཁྱད་ཆོས་ཐོན་ལས་ཡོད་པ།ཞང་དུ་གཙོ་ཁྲིད་ཐོན་ལས་ཡོད་པ།རྫོང་དུ་སྲོག་ཤིང་ཐོན་ལས་ཡོད་པར་བྱས་པ་དང་།ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནས་ཚོང་གཉེར་གཞི་ཁྱོན་ངེས་ཅན་ལྡན་པ་དང་མཚན་སྙན་ཅུང་བཟང་བ། སྣེ་ཁྲིད་ཀྱི་ནུས་པ་ངེས་ཅན་ལྡན་པའི་སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དམངས་གཉེར་ཁེ་ལས་ཉི་ཤུ་གཏན་ཁེལ་བྱས་ཏེ་དབུལ་ཕོངས་སྡེ་བ་ཉེར་ལྔའི་བར་ཁ་གཏད་རོགས་སྐྱོར་འབྲེལ་བ་བཙུགས་པ་དང་། ཁེ་ལས་ཀྱིས་དབུལ་ཕོངས་སྡེ་བར་རོགས་སྐྱོར་དང་སྣེ་ཁྲིད་བྱས་ནས་སྡེ་བའི་ཐོན་སྐྱེད་འཕེལ་རྒྱས་སུ་གཏོང་བ་དང་། འདེབས་གསོའི་གཞི་ཁྱོན་རྒྱ་བསྐྱེད་པ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་བྱེད་པ་དང་། ལས་གཞི་དང་མ་དངུལ། ཚོང་ར། ལག་རྩལ། ཆ་འཕྲིན་བཅས་ལ་སྐུལ་འདེད་བྱེད་པའི་བྱེད་ཐབས་བརྒྱུད་དེ།དམངས་གཉེར་ཁེ་ལས་ཀྱིས་དབུལ་སྐྱོར་གསར་སྤེལ་གྱི་རྣམ་པ་བསྒྱུར་བ་དང་དབུལ་ཕོངས་ས་ཁུལ་གྱི་འཕེལ་རྒྱས་ཁྲོད་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་པ། དབུལ་སྐྱོར་གསར་སྤེལ་བྱེད་ཡུལ་གྱི་འཕེལ་རྒྱས་ནུས་པ་ཇེ་དྲག་ཏུ་གཏོང་བ་སོགས་ཕྱོགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག