མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

«གཡང་མདའ»སྐབས་བཅུ་དགུ་པའི་ཁོ་རེ་ཡའི་ཧྥུ་ཧྲན་གློག་བརྙན་དུས་ཆེན་གྱི་ཡ་གླིང་སྒེའུ་ཁུང་ཚན་པར་ཚུད།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2014-09-23 10:46

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱུས་ལོན་པ་ལྟར་ན། ཟླ་བཅུ་བའི་ཚེས་གཉིས་ནས་ཚེས་བཅུ་གཅིག་བར། སྐབས་བཅུ་དགུ་པའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དེ་ཁོ་རེ་ཡའི་ཧྥུ་ཧྲན་དུ་སྤེལ་རྒྱུ་ཡིན་ཞིང་། པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་གནང་བའི་གློག་བརྙན«གཡང་མདའ»ཞེས་པ་སྐབས་བཅུ་དགུ་པའི་ཁོ་རེ་ཡའི་ཧྥུ་ཧྲན་གློག་བརྙན་དུས་ཆེན་གྱི་ཡ་གླིང་གློག་བརྙན་སྒེའུ་ཁུང་ཚན་པར་འགྲེམ་གཏོང་བྱེད་རྒྱུ་ཡིན་པ་དང་། ཐེངས་འདི་ནི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ཐེངས་གཉིས་པར་ཧྥུ་ཧྲན་གློག་བརྙན་དུས་ཆེན་ལ་ཞུགས་པ་ཡིན་ལ། ཉིས་སྟོང་ལྔ་ལོར་པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་གནང་བའི«ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ»ཡང་སྐབས་བཅུ་བའི་ཁོ་རེ་ཡའི་ཧྥུ་ཧྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་འགྲན་བསྡུར་ཚན་པའི་དེང་རབས་ཁ་ཕྱོགས་གསར་བའི་ཚན་པར་ཚུད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག