མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་སྲིད་ཇུས་བཏོན་ནས་གྲོང་རྡལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-23 10:34

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས《གྲོང་རྡལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》བཏོན་ནས་ལག་བསྟར་བྱས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་མགྱོགས་མྱུར་ངང་གྲོང་རྡལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཆུང་བ་འཕེལ་རྒྱས་སུ་གཏོང་བའི་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་པ་གསལ་བོར་བསྟན་ཡོད།

《བསམ་འཆར》གྱི་བཀོད་སྒྲིག་ལ་གཞིགས་ན། མཚོ་སྔོན་གྱིས་འཛུགས་སྐྲུན་གྱི་ཕྱོགས་བཅུ་གཅིག་འབུར་ཏུ་བཏོད་རྒྱུ་ཡིན་པ་དང་། གྲོང་རྡལ་གྱི་ཕྱོགས་བསྡུས་ཐེག་ནུས་ཇེ་མཐོར་གཏོང་རྒྱུ་ཡིན་པ་སྟེ། ས་འོག་སྒྲིག་ཆས་དང་སྦུག་དྲ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་གཞུང་ལམ་ཟམ་པ་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྤྱི་བའི་འགྲིམ་འགྲུལ་འཕེལ་རྒྱས་ལ་གཟིགས་སྐྱོང་བྱེད་པ། གྲོང་རྡལ་གྱི་ཆུ་འདོན་བདེ་འཇགས་འགན་སྲུང་ལ་ཤུགས་སྣོན་པ། ཆུ་ལོག་སྔོན་འགོག་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། བཙོག་ཆུ་ཐག་གཅོད་སྒྲིག་ཆས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། གད་སྙིགས་ཐག་གཅོད་ཆུ་ཚད་ཇེ་མཐོར་གཏོང་བ། རྫབ་རླངས་དྲོད་ལེན་མཁོ་འདོན་ལ་འགན་སྲུང་བྱེད་པ། སྐྱེ་ཁམས་ར་བ་ལྗང་བསྒྱུར་འཛུགས་སྐྲུན་འབུར་ཏུ་བཏོད་པ། གློག་དྲ་འགན་སྲུང་ནུས་པ་ཇེ་མཐོར་གཏོང་བ། ཆ་འཕྲིན་དང་བརྡ་འཕྲིན་རྨང་གཞི་སྒྲིག་ཆས་རིམ་འཕར་ཇེ་མགྱོགས་སུ་གཏོང་བ་བཅས་ཡིན།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག