མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2014ལོར་ན་གོར་མོས་མ་དངུལ་སྒོར་དུང་ཕྱུར147བཏང་ནས་གཙོ་གནད་ལས་གཞི47ལག་བསྟར་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-22 11:24

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2014ལོར། མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། གཙོ་གནད་ལས་གཞི47གཏན་འཁེལ་བྱས་ཤིང་། མིག་སྔའི་བར་དུ། ལས་གཞི39ལས་འགོ་ཚུགས་པ་དང་ལས་འགོ་ཚུགས་ཚད83%ལ་སླེབས་པས་ལོ་རྒྱུས་ཀྱི་ཆེས་མཐོ་བསྐྲུན་ཞིང་། མ་དངུལ་སྒོར་དུང་ཕྱུར147ལེགས་འགྲུབ་བྱས་ཡོད།

མཚོ་སྔོན་ནུབ་རྒྱུད་ཀྱི་ན་གོར་མོ་གྲོང་ཁྱེར་གྱིས་མ་དངུལ་གཏོང་ཤུགས་ཇེ་ཆེ་དང་སྒྲིག་གཞི་ལེགས་སྒྲིག་བྱེད་པ་དེ་ཡོང་སྒོ་འཕར་བ་དང་སྒྲིག་གཞིའི་རྣམ་པ་བསྒྱུར་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ནས། ད་ལྟ་དང་མ་འོངས་བར་ཕན་པའི་གཙོ་གནད་ལས་གཞི་སྐོར་ཞིག་ལག་བསྟར་བྱས། དེའི་ནང་མཐུད་སྐྲུན་ལས་གཞི19ཡོད་པ་དག་ཚང་མ་ཡང་བསྐྱར་ལས་འགོ་བཙུགས་ཡོད་ལ། མ་དངུལ་སྒོར་དུང་ཕྱུར71ལེགས་འགྲུབ་བྱས་ཡོད།

དུས་མཚུངས་སུ། གསར་བཙུགས་ལས་གཞི28ཀྱི་ཁྲོད་ལས་གཞི20ལས་འགོ་བཙུགས་པ་དང་མ་དངུལ་སྒོར་དུང་ཕྱུར76ལེགས་འགྲུབ་བྱས། མིག་སྔར་གཙང་དཀར་ལུད་རྫས་དང་ན་གོར་མོ་ནས་ཞིན་ཅང་ཁུའུ་ཨར་ལིག་བར་གྱི་ལྕགས་ལམ། ཐའར་ཏིན་ནས་ཁིན་ཏི་ཁི་བར་གྱི་ས་གནས་ལྕགས་ལམ། 2014ལོའི་སྤྱི་བའི་གླ་གཏོང་སྡོད་ཁང་སོགས་ལས་གཞི8ད་ལྟ་ལག་བསྟར་བྱེད་བཞིན་པའི་སྒང་ཡིན།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག