མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ད་ལོའི་ལོ་སྟོད་ལ་ཡུས་ཧྲུའུ་ཡི་རིག་གནས་གནས་སྐོར་ཡོང་སྒོ་སྒོར་ཁྲི8000ལྷག་ལ་སླེབས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-22 11:24

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་སྲིད་ཇུས་འཐུས་ཚང་དང་བཅོས་བསྒྱུར་གཏིང་ཟབ་སོགས་ཀྱི་བྱེད་ཐབས་སྣ་མང་བཏོན་ནས། རིག་གནས་གནས་སྐོར་ལས་རིགས་མཉམ་འདྲེས་ཀྱིས་འཕེལ་རྒྱས་སུ་འགྲོ་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་། ད་ལོའི་ལོ་སྟོད་ལ། ཁུལ་ཡོངས་ཀྱིས་གནས་སྐོར་པ་མི་ཐེངས144600སྣེ་ལེན་བྱས་པ་དང་གནས་སྐོར་ཡོང་སྒོ་སྒོར་ཁྲི8067.34བསྐྲུན་ཞིང་། དུས་མཉམ་ལས་སོ་སོར8.3%དང་9.7%འཕར་ཡོད།

རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་། ཡུས་ཧྲུའུ་རིག་གནས་གནས་སྐོར་སྡེ་ཁག་གིས་དམངས་ཁྲོད་གླུ་གར་འཁྲབ་སྟོན་ལས་ཁུངས་དང་འཁྲབ་སྟོན་མི་སྣར་སྒོར་མོའི་ཁ་གསབ་བྱེད་པའི་ཐབས་སྤྱད་དེ། དམངས་ཁྲོད་འཁྲབ་སྟོན་རུ་ཁག་དང་འཁྲབ་སྟོན་མི་སྣ་དག་གྲོང་ཁྱེར་གྱི་ཐང་ཆེན་དང་གནས་སྐོར་མཛེས་ལྗོངས་ཁུལ་དུ་གླུ་གར་འཁྲབ་སྟོན་བྱེད་པར་སྐུལ་མ་བྱས་ཏེ། ཡུས་ཧྲུའུ་ཡི་མི་རིགས་རིག་གནས་འགྲེམ་སྟོན་དང་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་འགྲོ་བའི་རིམ་པ་མཐོར་འདེགས་སུ་བཏང་།

ཟླ7པའི་ཟླ་མཇུག་ཏུ་སྐབས་བརྒྱད་པའི་ཁམས་པའི་རིག་གནས་སྒྱུ་རྩལ་དུས་ཆེན་དང་ཡུས་ཧྲུའུ་རྟ་རྒྱུག་དུས་ཆེན་སྤེལ་བའི་སྐབས་སུ། ཁུལ་དང་རྫོང་གནས་སྐོར་སྡེ་ཁག་གིས་མང་ཚོགས་ལ་རོགས་སྐྱོར་བྱས་ཏེ་གནས་སྐོར་བའི་ཞབས་ཞུའི་ནུས་པ་ཇེ་མཐོར་བཏང་ལ། ཧུར་བརྩོན་གྱིས་བོད་ཁྱིམ་སྤྲོ་གཏོང་ཁང་དང་ཁྱིམ་གཞིའི་མགྲོན་ཁང་བཅས་བཙུགས་པ་དང་། ཁྱིམ་ཚང་རེའི་ཡོང་སྒོ་སྒོར་ཁྲི1ཡས་མས་བསྐྲུན་པས། དེས་མང་ཚོསག་ཀྱི་ཡོང་སྒོ་གོང་དུ་སྤེལ་བ་མ་ཟད། ཁོ་ཚོས་ཁྱིམ་ཚང་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་སྤོབས་པ་ཇེ་ཆེར་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག