མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲུང་གོ་བུད་མེད་འཕེལ་རྒྱས་ཐེབས་རྩ་ཚོགས་པས་རིན་གོང་སྒོར་ཁྲི75ཡི་འོ་ཕྱེ་བྱིན་ནས་མཚོ་སྔོན་གྱི་དབུལ་ཕོངས་བྱིས་པ་སྟོང་ལྷག་ལ་ཕན་ཁེ་བསྐྲུན་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-22 11:24

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབུལ་ཕོངས་བྱིས་པའི་ཁྱིམ་ཚང་དང་སྦྲུམ་མའི་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་ཆེད། མཚོ་སྔོན་བུད་མེད་དང་བྱིས་པ་འཕེལ་རྒྱས་ཐེབས་རྩ་ཚོགས་པས་ཀྲུང་གོ་བུད་མེད་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་ཞལ་འདེབས་ཕུལ་བའི་རིན་གོང་སྒོར་ཁྲི75ཡི་འོ་ཕྱེ་བརྩོན་ལེན་བྱས་པ་མ་ཟད། ཉེ་ལམ་ཟི་ལིང་དང་མཚོ་ཤར་སོགས་ས་ཁུལ་ལ་བྱིན།

ཐེངས་འདིའི་འོ་ཕྱེ་སྟེར་བའི་མཛད་སྒོ་དེ་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ནས་སྤེལ་བ་དང་། འོ་ཕྱེ་སྟེར་བའི་ཁྱབ་ཁོངས་ནི་ཟི་ལིང་དང་མཚོ་ཤར། མཚོ་ནུབ། མཚོ་བྱང་། མཚོ་ལྷོ་སོགས་ས་ཁུལ་ཡིན་པ་དང་། དེས་དབུལ་ཕོངས་བྱིས་པ་སྟོང་ལྷག་ལ་ཕན་ཁེ་བསྐྲུན་རྒྱུ་རེད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག