མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས“རྒྱལ་ཡོངས་ཚན་རིག་ཤེས་བྱ་ཁྱབ་གདལ་ཉིན་མོའི”བྱ་འགུལ་སྤེལ་བ་དང་རྡོ་རྗེ་རབ་བརྟན་གྱིས་བྱ་འགུལ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས་ལ་ཁོང་ཡུང་གིས་གཏམ་བཤད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-22 11:24

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས20ཉིན། 2014ལོའི་མཚོ་སྔོན་ཞིང་ཆེན་གྱི“རྒྱལ་ཡོངས་ཚན་རིག་ཤེས་བྱ་ཁྱབ་གདལ་ཉིན་མོའི”བྱ་འགུལ་གྱི་མགོ་རྩོམ་མཛད་སྒོ་དེ་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཁང་ནས་སྤེལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་སྒྲིག་ཁྲིམས་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རྡོ་རྗེ་རབ་བརྟན་གྱིས་བྱ་འགུལ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས་ཤིང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་གཏམ་བཤད། ཞིང་ཆེན་རིམ་པའི་སློབ་ཚོགས་དང་མཐུན་ཚོགས། རྟེན་གཞི་བཅས་ཀྱི་ཚན་རྩལ་མི་སྣ་དང་ཚན་རིག་ཤེས་བྱ་ཁྱབ་གདལ་ལས་བྱེད་པ། ཞིང་ཆེན་ཁོངས་གཏོགས་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་སློབ། གཞིས་ཁུལ་སོགས་ལས་ཁུངས་ཀྱི་ལས་བྱེད་མི་སྣ་སོགས་ཉིན་དེའི་ཚན་རིག་ཤེས་བྱ་ཁྱབ་གདལ་བྱ་འགུལ་ལ་ཞུགས།

རྒྱུས་ལོན་པ་ལྟར་ན། “རྒྱལ་ཡོངས་ཚན་རིག་ཤེས་བྱ་ཁྱབ་གདལ་ཉིན་མོའི”བྱ་འགུལ་ནི《ཚན་རིག་ཤེས་བྱ་ཁྱབ་གདལ་བཅའ་ཁྲིམས》དང《དམངས་ཡོངས་ཀྱི་ཚན་རིག་སྤུས་ཚད་བྱ་འགུལ་འཆར་འགོད་རྩ་གནད》ལག་བསྟར་བྱེད་པའི་ཆེད་དུ་རྒྱལ་ཡོངས་རང་བཞིན་གྱི་གཞི་ཁྱོན་ཆེ་བའི་མང་ཚོགས་ཀྱི་ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་བའི་བྱ་འགུལ་ཞིག་ཡིན། 2004ལོ་ནས་ད་ལྟའི་བར་དུ། བྱ་འགུལ་འདི་མཚོ་སྔོན་ཞིང་ཆེན་དུ་བསྟུད་མར་ལོ10ལ་སྤེལ་བ་དང་། དེ་ཞིང་ཆེན་ཡོངས་ཀྱི་མི་མངས་ཀྱིས་ཚན་རིག་སྙིང་སྟོབས་དར་སྤེལ་དང་ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་བ། ཚན་རིག་བསམ་བློ་རྒྱུད་སྒྲོག་བྱས་ཏེ་ཚན་རིག་བྱེད་ཐབས་དར་སྤེལ་གཏོང་བའི་ཚན་རིག་ཁྱབ་གདལ་བྱ་འགུལ་ཆེན་མོ་ཞིག་ཡིན། ད་ལོའི“རྒྱལ་ཡོངས་ཚན་རིག་ཤེས་བྱ་ཁྱབ་གདལ་ཉིན་མོའི”བྱ་འགུལ་གྱིས“གསར་གཏོད་འཕེལ་རྒྱས་དང་དམངས་ཡོངས་འགུལ་སྐྱོད་བྱེད་པ”བརྗོད་དོན་དུ་བཟུང་ཡོད་པ་དང་། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་ནས་གཙོ་གནད་ཚན་རིག་ཤེས་བྱ་ཁྱབ་གདལ་བྱ་འགུལ104སྤེལ་རྒྱུ་རེད། ཉིན་དེར་ཚོགས་ར་གཙོ་བོ་པེ་ཅིན་ནས་བཙུགས་ཡོད་པ་མ་ཟད། ད་རུང་ཡན་ལག་ཚོགས་ར10ཞིང་ཆེན་དང་ལྗོངས་གཞན་ནས་བཙུགས་ཡོད་ལ། དེའི་ནང་མཚོ་སྔོན་དུ་ཚོགས་ར2ཡོད་ལ། སོ་སོར་ཞིང་ཆེན་ཚན་རྩལ་ཁང་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ར་རྒྱ་གྲོང་རྡལ་འཇིགས་མེད་རྒྱལ་མཚན་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་ནས་བཙུགས་ཡོད།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག