མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྐབས་གཉིས་པའི་ཟི་ལིང་གྲོང་ཁྱེར་གྱི་ཀུན་སྤྱོད་དཔེ་ལེགས་ཅན་ལ་བྱ་དགའ་སྟེར་བ་དང་ཀུན་སྤྱོད་དྲིལ་སྒྲོག་གི་བྱ་འགུལ་དཀྱིལ་སྙིང་ཐང་ཆེན་ནས་བསྡུས།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-22 11:22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་པའི་ཚེས་ཉི་ཤུ་ཉིན་ནི་རྒྱལ་ཡོངས་ཐེངས་བཅུ་གཉིས་པའི་སྤྱི་དམངས་ཀུན་སྤྱོད་དྲིལ་སྒྲོག་ཉིན་མོ་ཡིན་ཞིང་། ཉིན་དེར། སྐབས་གཉིས་པའི་ཟི་ལིང་གྲོང་ཁྱེར་གྱི་ཀུན་སྤྱོད་དཔེ་ལེགས་ཅན་ལ་བྱ་དགའ་སྟེར་བ་དང་ཀུན་སྤྱོད་དྲིལ་སྒྲོག་གི་བྱ་འགུལ་ཟི་ལིང་གྲོང་ཁྱེར་དཀྱིལ་སྙིང་ཐང་ཆེན་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅོན་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་ཅི་ཏིས་མཱ་ཅ་ཐེངས་འདིའི་དྲིལ་སྒྲོག་བྱ་འགུལ་ལ་ཞུགས།

ཝང་ཅུན་ཅོན་དང་ཅི་ཏིས་མཱ་ཅ་གཉིས་ཀྱིས་ཀུན་སྤྱོད་དཔེ་ལེགས་ཅན་ལ་བྱ་དགའ་སྟེར་བ་དང་། དྲིལ་སྒྲོག་བྱ་འགུལ་སྤེལ་བའི་གནས་ཚུལ་ལ་ཞིབ་ལྟ་བྱས་པར་མ་ཟད། འབྲེལ་ཡོད་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པའི་གནས་ཚུལ་ལ་ཉན་རྗེས། ཝང་ཅུན་ཅོན་གྱིས་བསྟན་དོན། སྤྱི་དམངས་ཀྱི་ཀུན་སྤྱོད་ཚད་ལྡན་ཅན་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་མི་སེམས་ཀྱི་ཟབ་སར་སྔར་ལས་འཇགས་པར་བྱས་ནས། ཀུན་སྤྱོད་དཔེ་ལེགས་ཅན་གྱི་དར་ཆ་མཐོན་པོར་བསྒྲེང་དགོས་པ་ལས་གཞན། ཀུན་སྤྱོད་དཔེ་ལེགས་ཅན་གྱི་སྤྱོད་ལམ་གཙང་མ་ནི་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་མིག་དཔེ་འཛིན་ཡུལ་དུ་འགྱུར་བར་འབད་དགོས། མི་གཞན་ལ་དོ་ཁུར་དང་བྱམས་སྐྱོང་། རོགས་རམ་བཅས་ཀྱི་མི་ཆོས་ཀུན་སྤྱོད་བཟང་བོ་སྤྱི་དམངས་ཡོངས་ཀྱི་རང་རྒྱུད་ལ་ལེན་པར་བརྩོན་དགོས་པ་མ་ཟད། ད་དུང་བཟང་ལ་བཟང་ལན་དང་དྲིན་ལན་དྲིན་གྱིས་འཇལ་དགོས་པའི་སྤྱི་ཚོགས་ཀྱི་མི་ཆོས་རིན་ཐང་ལྟ་ཚུལ་ལེགས་པོ་གྲུབ་པར་སྒོ་ཀུན་ནས་འབད་འབུངས་ཧུར་བསྐྱེད་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྤྱི་དམངས་ཡོངས་ཀྱི་ནང་སེམས་ཀྱི་དད་པའི་རྟེན་དུ་འགྱུར་བ་བྱ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དང་མང་ཚོགས་ལམ་ཕྱོགས་སློབ་གསོ། “གཞི་གསུམ”འཛུགས་སྐྲུན་བཅས་གཞི་གཅིག་ཅན་དུ་འཕེལ་བར་འབད་དེ། རང་རྟོགས་རང་སྤེལ་དང་ཡིད་རྟེན་ཆེར་བསྐྱེད་ཀྱི་སྒོ་ནས་མི་ཆོས་ཀུན་སྤྱོད་ཀྱི་བླ་མེད་སྲོལ་བཟང་རྒྱུན་འཛིན་དར་སྤེལ་གཏོང་དགོས་ཟེར།

ཐེངས་འདིར་འདྲ་མཉམ་དྲང་བཞག་གི་རྩ་དོན་བརྒྱུད་ནས། ཁྱོན་བསྡོམས་མི་བཅུ་ལ་ཀུན་སྤྱོད་དཔེ་ལེགས་ཅན་གྱི་བྱ་དགའ་བྱིན་པ་དང་། མི་གྲངས་ཉེར་གཉིས་ལ་ཀུན་སྤྱོད་དཔེ་ལེགས་ཅན་གྱི་མིང་འདོན་བྱ་དགའ་བྱིན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག