མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྐབས་གཉིས་པའི་མཚོ་སྔོན་དངུལ་རྩའི་སྙན་ཞུ་ཚོགས་འདུ་ཟི་ལིང་ནས་བསྡུས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-22 11:22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐབས་གཉིས་པའི་མཚོ་སྔོན་དངུལ་རྩའི་སྙན་ཞུ་ཚོགས་འདུ་ཟླ་དགུ་བའི་ཚེས་ཉི་ཤུ་ཉིན་མཚོ་སྔོན་ཚོགས་འདུ་ལྟེ་གནས་ཁུ་ནུ་ཚོམས་ཁང་ནས་བསྡུས། ཀྲུང་གོ་དངུལ་འཛིན་ལྟ་སྐུལ་དོ་དམ་ཚོགས་པའི་ཀྲུའུ་ཞི་གཞོན་པ་ཅང་ཡཱང་གིས་ཆེད་དོན་སྙན་ཞུ་ཕུལ་བ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཞའོ་ཡིས་སྙན་ཞུ་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཅང་ཡཱང་གིས་ཁ་ཡིག་ལ་མ་རྩའི་ཚོང་རའི་བཅོས་བསྒྱུར་དང་འཕེལ་རྒྱས་ཞེས་བའི་སྙན་ཞུའི་ཁྲོད། ཡུལ་དངོས་ཀྱི་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་ཉིས་བརྒྱ་དང་། གྲོང་ཁྱེར་དང་ཁུལ། རྫོང་དང་ས་ཁུལ་ཁ་ཤས། དངུལ་རྩའི་ལས་ཁུངས་དང་ཁེ་ལས་ཀྱི་འགན་ཁུར་མི་སྣར་རང་རྒྱལ་གྱི་མ་རྩའི་ཚོང་རའི་འཕེལ་རྒྱས་ལོ་རྒྱུས། ཚོང་རའི་མ་ལག ཐོན་རྫས་ཀྱི་གྲུབ་ཚུལ། རྩོལ་ནུས་བྱེད་ནུས། ལྟ་སྐུལ་དོ་དམ་སོགས་དང་། མ་རྩའི་ཚོང་རའི་ཁྲོད་ཀྱི་དངུལ་ཉུང་ངུ་གཏོང་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་བྱ་བར་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་ཕྱིར་བཏོན་པའི་རྒྱབ་ལྗོངས་དང་དམིགས་འབེན་ནང་དོན། ལག་བསྟར་བྱེད་ཐབས་བཅས་ངོ་སྤྲོད་བྱས།

ཝང་ཞའོ་ཡིས་ཀྲུའུ་ཞི་གཞོན་པ་ཅང་ཡཱང་གི་སྙན་ཞུའི་མིག་རྒྱ་ཆེ་ལ། ནང་དོན་ཕུན་སུམ་ཚོགས་པ་མ་ཟད། སྲིད་ཇུས་རང་བཞིན་དང་ཁ་གཏད་རང་བཞིན། མཛུབ་སྟོན་རང་བཞིན་ལྡན་པར་གདེང་འཇོག་བྱས། ཁོས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་གྱི་དངུལ་རྩའི་ལས་རིགས་རྒྱུན་མཐུད་ཅིང་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བའི་རྒྱབ་ལྗོངས་འོག དངུལ་རྩའི་ཚོང་རའི་འཕེལ་རྒྱས་རྗེས་སུ་ལུས་པའི་གནད་དོན་ཉིན་རེ་བཞིན་འབུར་ཐོན་ཡིན་པ་དང་། དེ་ནི་ཀྲུང་གོ་དངུལ་འཛིན་ལྟ་སྐུལ་དོ་དམ་ཚོགས་པ་གདན་ཞུ་བྱས་ཏེ་སློབ་ཁྲིད་བྱེད་པའི་དམིགས་ཡུལ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག