མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲང་ཀོང་རོང་གིས་མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་འཛིན་རྒྱུགས་ལེན་ལ་སྐོར་ཞིབ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-21 10:51

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་ཉི་ཤུ་ཉིན། 2014ལོའི་རྒྱལ་ཁབ་ཁྲིམས་འཛིན་རྒྱུགས་ལེན་དེ་རྒྱལ་ཡོངས་ནས་དུས་མཉམ་དུ་རྒྱུགས་ལེན་མགོ་བརྩམས་པ་དང་། མི་སྟོང་གཅིག་དང་བརྒྱད་བརྒྱ་ཞེ་བདུན་མཚོ་སྔོན་རྒྱུགས་ཁུལ་གྱི་རྒྱུགས་ལེན་ཁྲོད་ཞུགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲང་ཀོང་རོང་གིས་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རྒྱུགས་ལེན་སར་སྐོར་ཞིབ་བྱས།

ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་རྩ་འཛུགས་དང་ལག་བསྟར་བྱས་པའི་རྒྱལ་ཁབ་ཁྲིམས་འཛིན་རྒྱུགས་ལེན་བྱ་བའི་གནས་ཚུལ་སྙན་ཞུ་ལ་ཉན་རྗེས། ཀྲང་ཀོང་གིས་བསྟན་དོན། རྒྱལ་ཁབ་གཅིག་གྱུར་གྱིས་ཁྲིམས་འཛིན་རྒྱུགས་ལེན་ལམ་ལུགས་ཀྱིས་མཚོ་སྔོན་ཞིང་ཆེན་གྱིས་ཁྲིམས་ལུགས་ཐད་ཀྱི་ཤེས་ལྡན་མི་སྣ་བདམས་ཐོན་དང་གསོག་ཉར་བྱེད་པ་དང་། སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྲིད་ཁྲིམས་བྱ་བའི་ཆུ་ཚད་ཇེ་མཐོར་གཏོང་བ། ཁྲིམས་འཛིན་དྲང་གཞག་ལ་སྐུལ་འདེད་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་པ་དང་། རྒྱུགས་ལེན་ལ་རྩ་འཛུགས་དང་རྒྱུགས་ལེན་པའི་གོ་རིམ་ཁྲོད་དུ། མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་འཛིན་རྒྱུགས་ལེན་ཐད་ཚན་རིག་དང་ཚད་ལྡན། གཟབ་ནན་གྱི་དོ་དམ་མ་ལག་ཅིག་ཆགས་ནས། བསྟུད་མར་ལོ་བཅུ་གཉིས་རིང་དེའི་ཐད་ཀྱི་ནོར་སྐྱོན་དང་སྒྲིག་འགལ། གྱོད་གཏུག་གི་བྱ་བ་གཅིག་ཀྱང་མ་བྱུང་བ་མ་ཟད། ཉམས་མྱོང་བཟང་བོ་གསར་སྐྲུན་དང་གསོག་འཇོག་བྱས། རྒྱལ་ཁབ་གཅིག་གྱུར་གྱི་ཁྲིམས་འཛིན་རྒྱུགས་ལེན་རྩ་འཛུགས་དང་ལག་བསྟར་བཟང་བོ་བྱེད་རྒྱུ་ནི། ཁྲིམས་ལྟར་ཞིང་ཆེན་སྐྱོང་བ་དང་ཁྲིམས་འཛིན་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་དགོས་མཁོ་ཡིན་པས། བསམ་བློའི་གོ་རྟོགས་སྔར་ལས་གཅིག་གྱུར་དང་། ཁྲིམས་འཛིན་རྒྱུགས་ལེན་བྱ་བར་དོ་སྣང་ཆེན་པོ་བྱེད་པ། དོ་དམ་ཚད་ལྡན་དུ་གཏོང་བ། མུ་མཐུད་ནས་ཁྲིམས་འཛིན་རྒྱུགས་ལེན་དོ་དམ་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བྱེད་པ། བདེ་འཇགས་དང་གོ་ཆོད་པ། ནུས་ལྡན་དང་ཚན་རིག་གི་དོ་དམ་མ་ལག་འཛུགས་པ་བཅས་བྱས་ནས། རྒྱུགས་ལེན་ཐད་ཀྱི་དྲང་བདེན་དྲང་གཞག་ལ་ཁག་ཐེག་བྱེད་དགོས་པ་དང་། ཁོངས་གཏོགས་སྡེ་ཁག་སོ་སོས་རྡོག་རྩ་གཅིག་སྒྲིལ་དང་མཐུན་སྦྱོར་གཞོགས་འདེགས་བྱས་ཏེ། སྲིད་ཁྲིམས་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་དང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་ཁྲིམས་འཛིན་ཆུ་ཚད་མཐོར་འདེགས་གཏོང་བ། ཁྲིམས་ལྟར་ཞིང་ཆེན་སྐྱོང་བ་བཅས་ཀྱི་ཐད་བྱས་རྗེས་གསར་བ་སྐྲུན་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག