མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཙུའུ་གྲོས་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་ནས་ཐབས་ཇུས་གསུམ་ལག་བསྟར་བྱས་པའི་གནས་ཚུལ་ལ་གཟབ་ཉན་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-21 10:32

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཧའོ་ཕིན་གྱིས་མགོ་འཛིན་བྱས་ཏེ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས «སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅེན་ཕིན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་བཏོན་པའི་མཛུབ་སྟོན་དགོངས་དོན་གལ་ཆེན་ལ་སྔར་ལས་ལྷག་པའི་སྒོ་ནས་སློབ་སྦྱོང་བྱེད་དགོས་པའི་སྐོར་གྱི་བརྡ་ཁྱབ»ཞེས་པར་སློབ་སྦྱོང་བརྒྱུད་སྒྲོག་བྱས་པ་མ་ཟད། མདོ་ལ་རི་བོའི་ཞིང་ཆེན་རིམ་པའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ས་ཁུལ་ལ་སྲུང་སྐྱོབ་དང་བཅོས་སྐྱོང་། མུ་རི་རྡོ་སོལ་གཏེར་འབྱུང་ས་ཁུལ་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་བཅས་ཀྱི་བྱ་བར་སྔར་ལས་མཐོང་ཆེན་བླ་ལྷག་བྱས་ནས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་དང་ཞིབ་བཤེར་ཡང་དག་བྱ་དགོས་པའི་སྐོར་ལ་དཔྱད་བསྡུར་བྱས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅེན་ཕིན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་བཏོན་པའི་མཛུབ་སྟོན་དགོངས་དོན་གལ་ཆེན་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་འགན་ལེན་ཁག་ཐེག་བྱེད་པའི་བསམ་སྦྱོར་གྱི་རྩ་འཛིན་ཡིན་ལ། རྣམ་པ་བསྒྱུར་བའི་འཕེལ་རྒྱས་གཏོང་ཐབས་ཀྱི་རྩ་བའི་མཛུབ་སྟོན་བསམ་བློ་ཡང་ཡིན་པར་མ་ཟད། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བར་འགན་ལེན་བྱེད་པའི་རྩ་བའི་ཁག་ཐེག་ཀྱང་ཡིན་པས། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅེན་ཕིན་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་གྱི་བསམ་བློ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དངོས་ཀྱི་བསམ་སྦྱོར་ཁྲོད་དྲངས་ནས། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གནས་སྟངས་རྒྱུན་མཐུད་ངང་འཕེལ་བར་ཡར་སྐུལ་བྱ་དགོས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དགོངས་དོན་བརྡ་ཁྱབ་ལྟར། ནན་ཏན་སྒོས་ཆེད་དོན་སློབ་སྦྱོང་བྱ་བ་དམ་འཛིན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅེན་ཕིན་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་གྱི་བསམ་བློར་སློབ་སྦྱོང་དཔྱིས་ཕྱིན་བྱས་ནས། ལས་གཞི་གཙོ་བོར་སྔར་ལས་ཡར་སྐུལ་དང་། གནད་དོན་འབུར་ཐོན་འཕྲལ་དུ་ཐག་གཅོད་པ། འཕེལ་རྒྱས་ཀྱི་ཇུས་གཞི་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་ལ་འབད་དེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་སྔར་ལས་ཇེ་བརྟན་དང་དེར་ངོས་ཤེས་ཟབ་གསལ་འདྲོངས་བར་བྱས་ཏེ། ལག་ལེན་དང་བསམ་བློ་གཉིས་གཞི་གཅིག་ཅན་དུ་འཕོ་བར་བྱ་དགོས་ཟེར།

གྲོས་ཚོགས་སྟེང་དུ། མཚོ་སྔོན་ཞིང་ཆེན་གྱིས་ཟླ་བརྒྱད་པའི་ནང་ནས་བཟུང་། མུ་རི་རྡོ་སོལ་གཏེར་འདོན་ས་ཁུལ་སྲུང་སྐྱོབ་དང་བཅོས་སྐྱོང་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་བྱ་བར་གདེང་འཇོག་ཡང་དག་བྱས་པ་མ་ཟད། ས་གནས་དང་འབྲེལ་ཡོད་ལས་ཁུངས་ཁག་གིས་སྔར་ལས་ལྷག་པའི་སྒོ་ནས་མུ་རི་རྡོ་སོལ་གཏེར་འདོན་ས་ཁུལ་སྲུང་སྐྱོབ་དང་བཅོས་སྐྱོང་གི་བྱ་བ་ལྷོད་གཡེང་མེད་པའི་ངང་སྤེལ་ནས། དུས་ཐུང་ངང་གྲུབ་འབྲས་ཆེན་པོ་ལེན་པར་འབད་འབུངས་བྱ་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་འོག་ཏུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་བྱ་བ་སྔར་ལས་འཐུས་ཚང་དུ་གཏོང་དགོས་ན། གཤམ་གསལ་དོན་ཚན་བཞི་ངེས་པར་བསྒྲུབ་དགོས་ཏེ། གཅིག སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བར་འདུ་ཤེས་དང་ཀུན་སློང་ཡག་པོ་ཞིག་འཛིན་དགོས། གཉིས། རང་འཁྲིའི་འགན་ཁུར་ཡོ་གཟུར་མེད་པའི་ངང་ནས་དུས་ལྟར་ཡོངས་འགྲུབ་བྱ་དགོས། གསུམ། གནད་དོན་འབུར་ཐོན་ཐག་གཅོད་སྐབས་དངོས་ཐོག་བདེན་འཚོལ་བྱ་དགོས། བཞི། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེན་པོ་ཞིག་གྲུབ་པར་འབད་རྒྱུ་བཅས་ཡིན་པ་བསྟན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག