མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་མི་རིགས་སློབ་ཆེན་དུ་འབུམ་རམས་པའི་ཡོན་གནས་སློབ་གསོའི་མགོ་རྩོམ་མཛད་སྒོ་བསྡུས།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2014-09-21 10:28

མཚོ་སྔོན་མི་རིགས་སློབ་ཆེན་དུ་འབུམ་རམས་པའི་ཡོན་གནས་སློབ་གསོའི་མགོ་རྩོམ་མཛད་སྒོ་བསྡུས།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས17ཉིན། མཚོ་སྔོན་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་ཡོན་གནས་ཀྱི་མགོ་རྩོམ་མཛད་སྒོ་དེ་ཧོང་ཝུན་ཐོག་ཁང་གི་རིག་གཞུང་སྙན་ཞུ་ཚོམས་ཁང་དུ་བསྡུས་ཤིང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་འགན་འཛིན་གཞོན་པ་དང་། མཚོ་སྔོན་ཞིང་ཆེན་ཁུ་ནུའི་ཤེས་ཡོན་པ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་བློ་འདྲི་ཡུལ། ཆེད་ཞུས་དགེ་རྒན་ཆེན་མོ་བློ་བཟང་ལྷུན་གྲུབ་རྡོ་རྗེ། དེ་མིན་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་འགོ་ཁྲིད་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་འབྲེལ་ཡོད་འགོ་ཁྲིད། སྐབས་དང་པོའི་འབུམ་རམས་པ་དང་རབ་འབྱམས་པ500བཅས་ཐེངས་འདིའི་མཛད་སྒོར་ཞུགས།

འབུམ་རམས་པའི་ཁྲིད་སྟོན་དགེ་རྒན་གདན་ཞུའི་དཔང་ཡིག་གནང་བ།

བསོད་དོན་གྲུབ་ཀྱིས་སློབ་གསོ་པུས་ཆོག་མཆན་གནང་བའི་ཡིག་ཆ་སྒྲོག་འདོན་དང་མཉམ་འབྲེལ་སྒོས་འབུམ་རམས་པ་གསོ་སྐྱོང་བྱ་བའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་གནང་རྗེས། སློབ་གྲྭའི་སློབ་ཡོན་གཏན་འབེབས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྟེ་འབུམ་རམས་པའི་ཁྲིད་སྟོན་དགེ་རྒན་ནམ་སློབ་གཙོ་ཧི་ཧྥུན་ཡིས་གསར་དུ་གདན་ཞུ་བྱས་པའི་འབུམ་རམས་པའི་ཁྲིད་སྟོན་དགེ་རྒན12ལ་གདན་ཞུའི་དཔང་ཡིག་གནང་བ་དང་། སློབ་གྲྭའི་སློབ་ཡོན་གཏན་འབེབས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སྟེ་འབུམ་རམས་པའི་ཁྲིད་སྟོན་དགེ་རྒན་ནམ་སློབ་གཙོ་གཞོན་པ་བསོད་དོན་གྲུབ་ཀྱིས་དགེ་རྒན་ཆེན་མོ་ཧི་ཧྥུན་ལ་གདན་ཞུའི་དཔང་ཡིག་གནང་།

མཛད་སྒོའི་ཡུལ་དངོས།

སློབ་གསོ་པུས་ད་ལོའི་ཟླ5བའི་ཚེས21ཉིན《འབྲེལ་ཡོད་མཚོ་སྔོན་མི་རིགས་སློབ་ཆེན་དང་ཐེམ་ཅིན་སློབ་ཆེན་གཉིས་མཉམ་འབྲེལ་སྒོས་འབུམ་རམས་པ་གསོ་སྐྱོང་བྱ་བའི་བརྡ་སྦྱོར》བཀྲམ་ཏེ། མཚོ་སྔོན་མི་རིགས་སློབ་ཆེན་དང་ཐེམ་ཅིན་སློབ་ཆེན་གཉིས་མཉམ་འབྲེལ་སྒོས་འབུམ་རམས་པ་གསོ་སྐྱོང་བྱེད་པར་ཆོག་མཆན་གནང་བ་དང་། ཐེམ་ཅིན་སློབ་ཆེན་གྱི་རོགས་སྐྱོར་དང་ཁྲིད་སྟོན་འོག མཚོ་སྔོན་མི་རིགས་སློབ་ཆེན་གྱིས་བོད་ཁུལ་སྤྱི་ཚོགས་བདེ་འཇགས་དང་བཅོས་སྐྱོང་ཞིབ་འཇུག བོད་ཁུལ་སྤྱི་ཚོགས་ཀྱི་གནད་དོན་ཞིབ་འཇུག བོད་ཀྱི་གསོ་རིག་རྒྱུན་འཛིན་དང་དར་སྤེལ་ཞིབ་འཇུག བོད་བརྒྱུད་ནང་བསྟན་ཆོས་ཀྱི་སྙིང་བོའི་ཚན་རིག་འགྲེལ་བཤད། བོད་ཀྱི་ལོ་རྒྱུས་རིག་གནས་བསྟན་བཅོས་རྒྱ་འགྱུར་སོགས་ཁ་ཕྱོགས6གི་ཐད་ནས་བསྡོམས་པས་འབུམ་རམས་པ6བསྡུས་པ་རེད།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག