མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས2014ལོའི་དཔང་ཡིག་དང་འཛིན་བྱང་མེད་པའི་ཚོང་གཉེར་ལ་དག་ཐེར་བཅོས་སྐྱོང་བྱེད་པའི་བྱ་བའི་མཉམ་འབྲེལ་གྲོས་ཚོགས་བསྡུས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-20 11:29

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2014ལོའི་ཞིང་ཆེན་ཡོངས་ཀྱི་དཔང་ཡིག་དང་འཛིན་བྱང་མེད་པའི་ཚོང་གཉེར་ལ་དག་ཐེར་བཅོས་སྐྱོང་བྱེད་པའི་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཟླ་དགུ་བའི་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་གྱི་ཀྲུའུ་ཞི་ཁོང་ཡུང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་འབྲེལ་ཡོད་སྡེ་ཁག་གྲོས་ཚོགས་ལ་ཞུགས་པར་མ་ཟད་བྱ་བའི་སྙན་ཞུ་ཕུལ།

   ཚོགས་ཐོག་ནས་ཐོག་མར། ཉེ་བའི་ལོ་འགའི་རིང་ལ་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་དང་མཚོ་སྔོན་ཞིང་ཆེན་གྱི་དཔང་ཡིག་དང་འཛིན་བྱང་མེད་པའི་ཚོང་གཉེར་ལ་དག་ཐེར་བཅོས་སྐྱོང་བྱེད་པའི་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཁོངས་གཏོགས་སྡེ་ཁག་སོ་སོས། བྱ་བའི་གནས་ཚུལ་དངོས་ལ་རྐང་བཙུགས་ནས། ཕན་ཡོད་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། ཧུར་ཐག་གིས་དཔང་ཡིག་དང་འཛིན་བྱང་མེད་པའི་ཚོང་གཉེར་ལ་དག་ཐེར་བཅོས་སྐྱོང་བྱེད་པའི་བྱ་བ་སྤེལ་བས། དེའི་ཐད་ནས་གྲུབ་འབྲས་མངོན་བླངས་ཡོད་ཞེས་བསྟན་པ་དང་། དེའི་རྗེས་ཞིང་ཆེན་ཡོངས་ཀྱི་དཔང་ཡིག་དང་འཛིན་བྱང་མེད་པར་ཚོང་གཉེར་བྱེད་པའི་ད་ལྟ་གནས་བབ་དང་དེའི་ཐད་ཀྱི་རྒྱུ་རྐྱེན་ལ་དབྱེ་ཞིབ་དང་སྤྱི་བསྡོམས་བྱས།

    ཁོང་ཡུང་གིས་གྲོས་ཚོགས་ལ་ཆེས་མཐའ་མཇུག་གི་སྤྱི་བསྡོམས་བྱས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་དང་སྡེ་ཁག་སོ་སོའི་དཔང་ཡིག་དང་འཛིན་བྱང་མེད་པར་ཚོང་གཉེར་བྱེད་པའི་སྤྱོད་ཚུལ་ལ་དག་ཐེར་བཅོས་སྐྱོང་དང་དེ་ཚད་ལྡན་དུ་གཏོང་བར་ཧ་ཅང་མཐོང་ཆེན་བྱས་ཏེ། དཔང་ཡིག་དང་འཛིན་བྱང་མེད་པར་ཚོང་གཉེར་བྱེད་པའི་གནད་དོན་ཐག་གཅོད་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་དང་དཔལ་འབྱོར་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་དགོས་བའི་རེ་བ་བཏོན།

    ཚོགས་ཐོག་ནས། ཟི་ལིང་གྲོང་ཁྱེར་སྲིད་གཞུང་དང་ཞིང་ཆེན་དུ་བའི་ཆེད་ཚོང་ཅུའུ། ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཐིན། མཚོ་ཤར་གྲོང་ཁྱེར་སོགས་སྡེ་ཁག་གིས་རང་སྡེ་ཁག་གི་བྱ་བའི་གནས་ཚུལ་ཐད་ཀྱི་ཡར་ཞུ་ཕུལ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག