མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་གཉིས་ཀྱིས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-20 11:14

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་གཉིས་ཀྱིས་ཚེས་བཅུ་དགུ་ཉིན་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྲོས་མཐུན་བཀོད་པའི་མཛད་སྒོར་ཞུགས།

ཉེ་བའི་ལོ་འགའི་རིང་ལ་ཟི་ལིང་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་འཕེལ་རྒྱས་སུ་ཇེ་མགྱོགས་སུ་བཏང་ནས། མང་ཚོགས་ཕྱུག་སྒྱུར་དང་གྲོང་ཁྱེར་སྟོབས་ལྡན་དུ་གཏོང་བའི་རྣམ་པར་དམ་པོར་དམིགས་ནས། ཐོན་ལས་རིམ་འཕར་བྱ་བར་ཡར་སྐུལ་བཏང་བ་དང་། ཧུར་ཐག་སྒོས་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་ནས། སྤྱི་ཚོགས་ཀྱི་ལས་དོན་སོ་སོ་དང་མཐུན་སྦྱོར་འཕེལ་རྒྱས་སུ་བཏང་། ཕྱོགས་བསྡུས་དངོས་ཤུགས་མངོན་གསལ་སྒོས་ཇེ་དྲག་ཏུ་སོང་ནས། རྨང་གཞིའི་སྒྲིག་ཆས་ཉིན་རེར་འཐུས་ཚང་དུ་འགྲོ་བཞིན་པ་དང་། གྲོང་ཁྱེར་གྱི་ཁྱད་ཆོས་ཉིན་རེ་བཞིན་མངོན་གསལ་རེད། ནང་སྒོས་སུ་ད་ལོའི་ལོ་ཕྱེད་དུ། ཟི་ལིང་གྲོང་ཁྱེར་གྱི་དཔལ་འབྱོར་དམིགས་ཚད་འཕར་བའི་མྱུར་ཚད་ཞིང་ཆེན་གནས་སའི་གྲོང་ཁྱེར་གྱི་སྔོན་གྲས་སུ་བསླེབས་པ་དང་། ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རིན་ཞིང་ཆེན་ཡོངས་ཀྱི་ཕྱེད་ཀ་ཟིན་ཞིང་། འཕར་སྣོན་གྱི་མྱུར་ཚད་དེ་རྒྱལ་ཡོངས་ཀྱི་མྱུར་ཚད་ལས་མཐོ་བས། ཟི་ལིང་གྲོང་ཁྱེར་གྱི་མྱུར་ཚད་གསར་བ་གསར་སྐྲུན་བྱས།

ཉིས་སྟོང་བཅུ་གཉིས་ལོའི་ཚུན་ལ། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཟི་ལིང་གྲོང་ཁྱེར་ལ་དངུལ་བུན་སྒོར་མོ་ཁྲག་ཁྲིག་གཅིག་དང་ཐེར་ཆེན་གཅིག་ཐེར་འབུམ་ལྔ་དུང་ཕྱུར་གཉིས་བསྐྱིས་ནས། ཟི་ལིང་གྲོང་ཁྱེར་ལྷོ་རི་མཁར་ལམ་དང་། ཧོང་ཁྲོན་སློབ་འབྲིང་བཅས་ཀྱི་ལམ་ལས་པ་སོགས་འཛུགས་སྐྲུན་བྱེད་པའི་ལས་གཞི་གལ་ཆེན་བདེ་བླག་ངང་ལག་བསྟར་བྱས་ནས། ཟི་ལིང་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་སྟོབས་ཤུགས་གལ་ཆེན་དུ་གྱུར། གྲོས་མཐུན་དེ་བཀོད་རྗེས། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་འཐབ་ཇུས་མཉམ་ལས་གྲོས་མཐུན་ལག་བསྟར་ནན་མོ་བྱས་ནས། མཉམ་ལས་ཀྱི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། བྱ་བའི་འབྲེལ་མཐུད་བྱ་བར་ཤུགས་སྣོན་པ། ཧུར་ཐག་སྒོས་ཟི་ལིང་གྲོང་ཁྱེར་གྱི་རྨང་གཞི་སྒྲིག་ཆས་དང་། ཐོན་ལས་རྒྱབ་རྟེན་དང་། མཁར་གྲོང་ཅན་འཛུགས་སྐྲུན་བྱེད་པ། “ཞིང་ལས་དང་། ཞིང་སྡེ། ཞིང་བ”བཅས་དང་ཁེ་ལས་འབྲིང་ཆུང་བཅས་ལ་དངུལ་ལོར་གྱིས་རྒྱབ་སྐྱོར་བྱས་ནས། ཟི་ལིང“མི་དམངས་མང་ཚོགས་ཀྱི་ཡིད་ཚིམ་པའི་འཚོ་བའི་གྲོང་ཁྱེར་ཞིག་དང་བདེ་སྐྱིད་ཀྱི་གྲོང་ཁྱེར་ཞིག་ཏུ་འཛུགས་སྐྲུན་བྱེད་པར”བྱས་རྗེས་བཞག ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག