མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-20 11:13

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅེན་ཕིན་གྱི་སྐྱེ་ཁམས་སྲུང་སྐྱོབ་སྐོར་གྱི་མཛུབ་སྟོན་དགོངས་དོན་ལ་སྔར་ལས་ལྷག་པའི་སྒོ་ནས་སློབ་སྦྱོང་བྱེད་པར་འཆར་འགོད་འཐེན་པར་མ་ཟད། ཞིབ་བཤེར་གྲོས་མོལ་བརྒྱུད་ནས«ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ཐད་ཀྱི་རང་འཁྲིའི་འགན་ཁུར་དངོས་འབེབས་བཟང་བོ་བྱེད་དགོས་པའི་སྐོར་གྱི་དགོངས་འཆར»ལ་ཞིབ་བཤེར་གྲོས་མོལ་བརྒྱུད་ནས་གྲོས་འཆམ་བྱུང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

གྲོས་ཚོགས་ནས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅེན་ཕིན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་གལ་ཆེ་བའི་གསུངས་བཤད་རིམ་པར་སྤེལ་ནས། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་བླང་བྱ་ནན་མོ་བཏོན། སྔར་ལས་ལྷག་པའི་སྒོ་ནས་སློབ་སྦྱོང་ཟབ་སྤེལ་དང་། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ལག་ལེན་དངོས་ཀྱི་ཁྲོད་ནས་ལག་བསྟར་དངོས་འབེབས་བཟང་བོ་བྱ་ཆེད། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྩ་འཛུགས་བྱས་ནས་ཆེད་དོན་སློབ་སྦྱོང་བྱ་འགུལ་སྤེལ།

གྲོས་ཚོགས་ལས་བསྟན་དོན། ཐེངས་འདིའི་སློབ་སྦྱོང་བྱ་འགུལ་ནི་རྫོང་རིམ་པ་ཡན་གྱི་ཏང་ཨུ་ལྟེ་གནས་ཚན་ཁག་དང་ཏང་ཨུའི་གྲོས་ཚོགས་ཀྱི་རྣམ་པ་བརྒྱུད་ནས་སྤེལ་བ་རེད། ཆེད་དོན་སློབ་སྦྱོང་བྱ་འགུལ་བརྒྱུད་ནས“སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་པ་བཞི”མངོན་འགྱུར་བྱེད་ཐབས་ལ་འབད་དགོས། བསམ་བློའི་ངོས་ཟིན་སྔར་ལས་མཐོར་འདེགས་སུ་བཏང་ནས། སྤྱི་དང་བྱེ་བྲག སྲུང་སྐྱོབ་དང་འཕེལ་རྒྱས། སྲུང་སྐྱོབ་དང་དམངས་འཚོ། མིག་སྔའི་རེ་འདུན་དང་རྒྱང་རིང་གི་ཕུགས་འདུན་བཅས་ཀྱི་འབྲེལ་བ་ཡང་དག་པའི་ངང་ཐག་གཅོད་བྱ་དགོས་པ་མ་ཟད། བྱ་བ་གཙོ་བོ་སྔར་ལས་ལྷག་པའི་སྒོ་ནས་སྤེལ་བར་ཤུགས་སྣོན་དགོས་པ་ལས་གཞན། སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་ཁག་ཅིག་ལ་སྐུལ་འདེད་བཏང་ཐོག སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་བཅོ་སྒྱུར་གསར་སྐྲུན་བྱ་བ་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས། དེ་མིན་ད་དུང་ཁྲིམས་ལྟར་འབྲེལ་ཡོད་སྲིད་ཇུས་དང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་བཟོ་སྐྲུན་ཁྲོད་གནས་པའི་གནད་དོན་འབུར་ཐོན་སྔར་ལས་ཐག་གཅོད་བཟང་བོ་བྱས་ཏེ། ཁྲིམས་འཛིན་དང་ཁོར་ཡུག་ལེགས་བཅོས། འགན་ཁུར་དོན་འཁྱོལ་བཅས་ཡོང་བར་ཤུགས་བསྣན་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲོད་གནས་པའི་གནད་དོན་ཅི་ཡོད་ལུགས་མཐུན་སྒོས་ཐག་གཅོད་བྱ་དགོས།

གྲོས་ཚོགས་ལས་བསྟན་དོན། ཏང་གིས་ཏང་ལ་དོ་དམ་དང་གཟབ་ནན་ཆེན་པོས་ཏང་སྲོལ་ལེགས་བཅོས་བྱེད་པའི་ལས་ཕྱོགས་རྒྱུན་འཛིན་ལྷོད་མེད་བྱས་ནས། རིམ་པ་སོ་སོའི་ཏང་ཨུའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ཁྲོད་ཀྱི་རང་འཁྲིའི་འགན་ཁུར་དངོས་འབེབས་བཟང་བོ་བྱ་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཏང་ཨུས་ནན་ཏན་ཆེན་པོས་ཀྲུང་དབྱང་གི་བཀོད་སྒྲིག་དང་བླང་བྱ་ལག་ལེན་མཐའ་འཁྱོལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་ཏང་སྲོལ་སྲིད་གཙང་དང་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་བླངས་ཡོད། སྔར་ལས་ལྷག་པའི་སྒོ་ནས་ཏང་ཨུའི་རང་བདག་འགན་འཁྲི་དངོས་འབེབས་བཟང་བོ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བ་བཅས་ཟམ་མ་ཆད་པའི་ངང་ཟབ་སྤེལ་བྱ་ཆེད། ཟླ་བརྒྱད་པའི་ནང་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྣེ་ཁྲིད་དེ། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་འབུར་ཐོན་གནད་དོན་ཐག་གཅོད་པར་ཆེད་དོན་རྟོག་ཞིབ་བྱ་འགུལ་སྤེལ་ནས། ཉམས་མྱོང་བསྡུ་ལེན་དང་གནད་དོན་གསར་རྙེད། ཐབས་ཇུས་གསར་འདོན་བཅས་བྱས་པའི་རྨང་གཞིའི་སྟེང་དུ། སྤྱི་དང་བྱེ་བྲག དོན་དངོས་བཅས་སྒྲུབ་པ་ལ་ཕན་པའི «ལག་བསྟར་དངོས་འབེབས་དགོངས་འཆར»ཞེས་པ་གྲུབ།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། «ལག་བསྟར་དངོས་འབེབས་དགོངས་འཆར»གྱིས་རིམ་པ་སོ་སོའི་ཏང་ཨུའི་རང་བདག་འགན་འཁྲིར་ཐག་གཅོད་ཡང་དག་བྱས་པར་མ་ཟད། ཁོ་ཚོར་རང་བདག་བརྩི་སྲུང་བྱ་དགོས་པའི་སྒྲིག་ལམ་འདོན་སྤྲོད་བྱས། དེ་བས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུས་ནན་ཏན་སྒོས་ཏང་སྲོལ་འཛུགས་སྐྲུན་དང་རང་འཁྲིའི་འགན་ཁུར། རུལ་སུངས་ལ་ངོ་རྒོལ་བཅས་བྱེད་པའི་བྱ་བ་ལག་ལེན་མཐའ་འཁྱོལ་བྱ་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག