མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཟླ8པའི་ཟླ་མཇུག་བར་དུ་སྐུ་འབུམ་དགོན་པའི་མཛེས་ལྗོངས་ཁུལ་གྱི་གནས་སྐོར་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར2.6ལ་སླེབས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-19 11:53

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐུ་འབུམ་དགོན་པའི5Aརིམ་པའི་མཛེས་ལྗོངས་ཁུལ་གྱི་མཚན་སྙན་སྔར་ལས་ཇེ་ཆེར་སོང་བ་དང་བསྟུན། སྐུ་འབུམ་དགོན་པ་མཛེས་ལྗོངས་ཁུལ་དེ་མཚོ་སྔོན་ཞིང་ཆེན་གྱི་མཛེས་ལྗོངས་ཁུལ་གཙོ་བོ་ཞིག་ཏུ་གྱུར་ཡོད། ཟླ8པའི་ཟླ་མཇུག་བར་དུ། སྐུ་འབུམ་དགོན་པ་མཛེས་ལྗོངས་ཁུལ་གྱིས་གནས་སྐོར་བ་མི་ཐེངས་ཁྲི134.6སྣེ་ལེན་བྱས་ཤིང་གནས་སྐོར་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར2.6ལ་སླེབས་པ་དང་། དེས་ཧོང་ཀྲུང་རྫོང་གི་གནས་སྐོར་སྤྱིའི་ཡོང་སྒོའི་བཅུ་ཆའི་བཞི་ཡན་ཟིན་ཡོད།

ད་ལོའི་ཚུན་ནས་བཟུང་། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་རྫོང་གིས་ཀླུ་གསར་གྲོང་རྡལ་དེ་ཞིང་ཆེན་ཡོངས་ཀྱི་གཙོ་གནད་གནས་སྐོར་མིང་གྲགས་གྲོང་རྡལ་དང་མིང་གྲགས་ཆེ་བའི་བོད་བརྒྱུད་ནང་བསྟན་གྱི་གནས་སྐོར་བྱེད་ཡུལ་ཞིག་ཏུ་འཛུགས་སྐྲུན་བྱེད་པ་དམིགས་འབེན་དུ་བཟུང་ནས། མཛེས་ལྗོངས་ཁུལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ་བརྒྱུད། མཛེས་ལྗོངས་ཁུལ་གྱི་གནས་སྐོར་ཁོར་ཡུག་ལེགས་བཅོས་དང་ཧོར་ཀྲུང་རྫོང་གི་ཁྱད་ལྡན་རིག་གནས་གནས་སྐོར་ཆས་རྟགས་གསར་འཛུགས་བྱས་པ་དང་། ཕྱོགས་ཡོངས་ནས་སྐུ་འབུམ་དགོན་པའི་མཛེས་ལྗོངས་ཁུལ་ཆེན་མོ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། 《སྐུ་འབུམ་དགོན་པའི་མཛེས་ལྗོངས་ཁུལ་ཆེན་མོའི་གནས་སྐོར་སྤྱིའི་འཆར་འགོད》དང《སྐུ་འབུམ་དགོན་པའི་མཛེས་ལྗོངས་ཁུལ་ཆེན་མོའི་ཐོན་ལས་འཕེལ་རྒྱས་འཆར་འགོད》སྒྲིག་བཟོ་བྱས་ཤིང་། རིག་གནས་གནས་སྐོར་འཆར་འགོད་གསར་སྐྲུན་ཇུས་འགོད་ལས་ཁུངས་གདན་ཞུ་བྱས་ཏེ་ཙོང་ཆུའི་རིག་གནས་དངོས་མང་འགྲེམ་སྟོན་ཁང་གི་འགྲེམ་སྟོན་འཆར་འགོད་དང་གོས་སྐུ་བཤམས་སའི་ཐང་ཆེན་སོགས་གཙོ་གནད་མཛེས་ལྗོངས་འཛུགས་སྐྲུན་ལ་འཆར་འགོད་བྱས་པས། ཚན་རིག་དང་མཐུན་ཞིང་འཐུས་ཚང་བའི་མཛེས་ལྗོངས་ཁུལ་ཆེན་མོའི་འཕེལ་རྒྱས་འཆར་འགོད་མ་ལག་ཞིག་ཐོག་མར་གྲུབ་ཡོད།

མིག་སྔར། ཧོང་ཀྲུང་རྫོང་གིས་སྐུ་འབུམ་དགོན་པ་དང་པད་མ་མཚེའུ་ཉེ་འཁོར་མཛེས་ལྗོངས་ལ་གཞིགས་ཏེ། རིག་གནས་གནས་སྐོར་འཛུགས་སྐྲུན་ལས་གཞི17དངོས་འབེབས་བྱས་ཡོད་པ་དང་། སྤྱིའི་མ་དངུལ་སྒོར་དུང་ཕྱུར11བཏང་ཡོད། ད་ལོར་འཆར་འགོད་མ་དངུལ་སྒོར་དུང་ཕྱུར4.5ལེགས་འགྲུབ་བྱེད་རྒྱུ་ཡིན་པ་དང་མིག་སྔའི་བར་དུ་མ་དངུལ་སྒོར་དུང་ཕྱུར3.2དངོས་འབེབས་བྱས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག