མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲང་ཅན་མིན་གྱིས་ཞིང་ཆེན་ལུས་རྩལ་འགྲན་ཚོགས་དང་དམངས་ཡོངས་ཀྱི་ལུས་ཕུངས་སྦྱོང་བརྡར་ཚོགས་ཆེན་གྱི་མགོ་རྩོམ་མཛད་སྒོའི་གྲ་སྒྲིག་གནས་ཚུལ་ལ་རྟོག་ཞིབ་བྱས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-19 11:52

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ཅན་མེན་ཟི་ལིང་གྲོང་ཁྱེར་མཚོ་སྔོན་ལུས་རྩལ་ལྟེ་གནས་མཚོ་སྔོན་ལུས་རྩལ་ར་བ་རུ་སོང་ནས། ཞིང་ཆེན་སྐབས་བཅུ་དྲུག་པའི་ལུས་རྩལ་འགྲན་ཚོགས་དང་དམངས་ཡོངས་ཀྱི་ལུས་ཕུངས་སྦྱོང་བརྡར་ཚོགས་ཆེན་གྱི་མགོ་རྩོམ་མཛད་སྒོའི་གྲ་སྒྲིག་གནས་ཚུལ་ལ་རྟོག་ཞིབ་བྱས་པ་མ་ཟད། མགོ་རྩོམ་མཛད་སྒོའི་ལེ་ཚན་གྱི་ནང་སྦྱོང་ལ་བལྟས།

ཀྲང་ཅན་མེན་གྱིས་ལུས་རྩལ་ར་བའི་སྒྲིག་ཆས་ལ་རྟོག་ཞིབ་བྱས་རྗེས་བསྟན་དོན། ལོ་བཞིར་ཐེངས་གཅིག་བསྡུས་པའི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ནི་དམངས་ཡོངས་ཞུགས་པའི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཆེ་ཤོས་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་རྩལ་འགྲན་ལུས་རྩལ་དང་མང་ཚོགས་ལུས་རྩལ་གྱི་འཕེལ་རྒྱས་ཐད་ཀྱི་འགྲེམ་སྟོན་ཆེན་པོ་དང་བརྗེ་རེས་ཆེན་པོ་ཞིག་ཡིན་པས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བྱ་བ་དེའི་ཐད་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་དེའི་ཐད་རེ་བ་ཆེན་པོ་བཅངས་ཡོད་ལ། བྱ་བའི་ཚན་ཆུང་སོ་སོ་དང་ཁོངས་གཏོགས་སྡེ་ཁག་སོ་སོས་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་། ཚད་གཞི་ནན་པོ་འཛིན་པ། སྐར་ཆ་ཙམ་ཡང་ཆུད་ཟོས་སུ་མི་གཏོང་བར་ཐེངས་འདིའི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་དང་དམངས་ཡོངས་ཀྱི་ལུས་ཕུངས་སྦྱོང་བརྡར་ཚོགས་ཆེན་དེ་ཞིབ་ཚགས་དང་འཆམ་མཐུན། ཕུན་སུམ་ཚོགས་པའི་ལུས་རྩལ་དགའ་སྟོན་ཆེན་པོ་ཞིག་ཏུ་བསྒྲུབ་དགོས་ཟེར།

ཀྲང་ཅན་མེན་གྱིས། མགོ་རྩོམ་མཛད་སྒོ་ནི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་དང་དམངས་ཡོངས་ཀྱི་ལུས་ཕུངས་སྦྱོང་བརྡར་ཚོགས་ཆེན་གྱི་གྲུབ་ཆ་གཙོ་བོ་ཡིན་པས། སེམས་ཞིབ་མོས་འཆར་འགོད་དང་ཇུས་གཞི་ཇེ་ཞིབ་དུ་གཏོང་བ། གཞོགས་འདེགས་ལ་ཤུགས་སྣོན་པ། སྣང་ཚུལ་བཟང་བོ་སྐྲུན་པ། དུས་ཚོད་དམ་འཛིན་དང་འཁྲབ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་དང་ལེན་བྱེད་པ། འགན་སྲུང་བྱེད་ཐབས་ལག་བསྟར་བཟང་བོ་བྱེད་པ། ལུས་རྩལ་ར་བར་ཡང་དང་བསྐྱར་དུ་སྙོམ་སྒྲིག་ཚོད་ལྟ་བྱེད་པ་བཅས་བྱས་ཏེ། གློག་ཤུགས་དང་འཕྲིན་གཏོང་། མེ་འགོག་མེ་གསོད་སོགས་ཀྱི་མ་ལག་འཁོར་རྒྱུག་བཟང་བོ་བྱེད་པར་ཁག་ཐེག་བྱེད་དགོས་པ་དང་། བདེ་འཇགས་འགན་སྲུང་བྱ་བར་ཤུགས་སྣོན་པ་དང་། འཐུས་ཚབ་ཚོགས་པ་སོ་སོ་དང་འཁྲབ་སྟོན་པ། ལྟད་མོ་བའི་རྩ་འཛུགས་བྱ་བ་བཟང་བོར་བསྒྲུབ་པ་བཅས་བྱས་ནས། ལུས་རྩལ་འགྲན་ཚོགས་སྐབས་ཀྱི་ལྟད་མོ་བའི་བདེ་འཇགས་དང་ལུས་རྩལ་ར་བའི་སྒྲིག་ལམ་ལ་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག