མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་སོ་སོར་རང་སོ་སོའི་འབྲེལ་གཏུག་བྱེད་སའི་རྫོང་ཏང་ཨུའི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་གནས་ཚུལ་ཡར་ཞུར་ཉན།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-19 11:52

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་སོ་སོར་རང་སོ་སོའི་འབྲེལ་གཏུག་བྱེད་སའི་རྫོང་ཏང་ཨུའི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་གནས་ཚུལ་ཡར་ཞུར་ཉན་རྗེས། ནན་ཏན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ལན་ཁོ་རྫོང་ཏང་ཨུ་དང་ཧི་ནན་ཞིང་ཆེན་ཏང་ཨུའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་གནས་ཚུལ་ཡར་ཞུར་ཉན་རྗེས་ཀྱི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱས་ནས། ཀླད་པ་གསལ་བོའི་སྒོ་ནས་རང་ས་གནས་ནས་བྱ་འགུལ་སྤེལ་བའི་གནས་ཚུལ་དང་། མི་འདང་ས་དང་ཐག་གཅོད་དགོས་པའི་གནད་དོན་སྔར་ལས་ཁོང་དུ་ཆུད་པར་བྱས་ནས། མི་དམངས་མང་ཚོགས་ཡིད་ཚིམ་པའི་ཕན་འབྲས་ལེན་པར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།

སྐོར་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་ཁྲོད་དུ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་སོ་སོར་རྫོང་གཅིག་རེར་འབྲེལ་གཏུག་བྱས། ད་ལོའི་ཟླ་བརྒྱད་པའི་ཚེས་ཉེར་དགུ་ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་ཟི་ལིང་ནས་ཐུན་རིན་རྫོང་ཏང་ཨུའི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་མ་ཟད། དག་ཐེར་བཅོས་སྐྱོང་དངོས་འབེབས་བྱེད་པ་དང་། ལམ་ལུགས་འཛུགས་པའི་བྱ་བ་ཇི་ལྟར་བཟང་བོར་སྒྲུབ་དགོས་པའི་ཐད་ལ་མཛུབ་སྟོན་བྱས། དེའི་རྗེས་སུ་ཧའོ་ཕིན་དང་། ཝང་ཅན་ཅུན། ལོ་ཡུས་ལིན། ཅི་ཏི་མ་ཅ། རྡོ་རྗེ་རབ་བརྟན། ཝང་ལིན་ཅོན། ཝང་ཞའོ་ཆིན། ཀྲང་ཀོང་རོང་། ཝང་ཞོ། སུའུ་ཉིན། བསྟན་ཁོ་སོགས་སོ་སོར་གོར་མོ་གྲོང་ཁྱེར་དང་ཞིན་ཧེ་རྫོང་། རྐང་ཚ་རྫོང་། དར་ལག་རྫོང་། ནང་ཆེན་རྫོང་། འབྲི་སྟོད་རྫོང་། དཔའ་ལུང་རྫོང་། རྩེ་ཁོ་རྫོང་། ཐེམ་ཆེན་རྫོང་། ཞོང་དཔའ་རྫོང་། པད་མ་རྫོང་བཅས་ཀྱི་གནས་ཚུལ་ཡར་ཞུ་བྱས།

ད་ལོའི་ཚུན་ལ་རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་སོ་སོར་རང་སོ་སོའི་འབྲེལ་གཏུག་བྱེད་སར་རྟོག་ཞིབ་མཛུབ་སྟོན་བྱས་པ་དང་། འབྲེལ་གཏུག་བྱེད་སའི་རྫོང་ཏང་ཨུའི་རྒྱུན་ལས་མགོ་ཁྲིད་ཚན་ཁག་གི་ཆེད་དོན་དམངས་གཙོ་ཚོགས་འདུར་ཞུགས། དག་ཐེར་བཅོས་སྐྱོང་དངོས་འབེབས་བྱས་པ་དང་། ལམ་ལུགས་བཙུགས་རྗེས། རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་ཐེངས་མང་པོར་འབྲེལ་གཏུག་བྱེད་སའི་བྱ་འགུལ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་ནས། ཀྲུང་དབྱང་གི་བཀོད་སྒྲིག་དངོས་འབེབས་བྱེད་པ་དང་། དག་ཐེར་བཅོས་སྐྱོང་བྱ་བར་རེ་བ་འགའ་བཏོན།

ལོ་ཧོས་ཉིན་གྱིས་ཐུན་རིན་རྫོང་ཏང་ཨུའི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་གནས་ཚུལ་ཡར་ཞུར་ཉན་རྗེས་བསྟན་དོན། སྐོར་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་སྔར་ལས་བཟང་བོར་སྒྲུབ་དགོས་ན། ཡང་དག་དང་། དངོས་གཉེར། ཞིབ་རྒྱས་བཅས་ལ་ཤུགས་སྣོན་དགོས་ཟེར།

ཡར་ཞུར་ཉན་རྗེས། རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་འབྲེལ་གཏུག་བྱེད་སའི་སློབ་གསོ་ལག་ལེན་བྱ་འགུལ་ལ་ཁས་ལེན་གང་ལེགས་བྱས། ཁོ་ཚོས་བསྟན་དོན། འབྲེལ་གཏུག་བྱེད་སའི་རྫོང་ཏང་ཨུས་ནན་ཏན་སྒོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་རེ་བ་ལག་བསྟར་བྱས་ནས། ཚད་གཞི་མཐོ་བའི་རེ་བར་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཧུར་ཐག་སྒོས་འབྲེལ་གཏུག་བྱེད་ས་དེ་དཔེ་སྟོན་བྱེད་ས་ཤིག་ཏུ་སྤེལ་བར་འབད་པ་བྱེད་དགོས་པ་དང་། ནང་སྒོས་སུ་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་ཚོགས་རྗེས། ནན་ཏན་སྒོས་དག་ཐེར་བཅོས་སྐྱོང་དངོས་འབེབས་བྱ་བ་དང་། ལམ་ལུགས་འཛུགས་པའི་བྱ་བ་སྤེལ་དགོས་པ་དང་། མང་ཚོགས་ཀྱིས་ཡར་ཞུ་བྱས་པའི་འབུར་ཐོན་གནད་དོན་ཐག་གཅོད་རོགས་བྱས་ནས་དུས་རིམ་རང་བཞིན་གྱི་ཕན་འབྲས་ལེན་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག