མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར6གི་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བར་དོན་དངོས་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-18 10:41

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2013ལོའི་ཚུན་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་ཁུལ6གི་སྤྱི་ཁྱབ་བཟོ་ཚོགས་དང་པེ་ཅིན། ཐེན་ཅིན། ཧྲང་ཧེ། ཅང་སུའུ། ཀྲེ་ཅང་། ཧྲན་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཚོ་སྔོན་སོགས་བོད་ཁུལ་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་སྐོར་གྱི་ཐག་གཅོད་སྲིད་ཇུས་བཀོད་སྒྲིག་དང་། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མཐུན་སྦྱོར་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པས། བཟོ་ཚོགས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བར་དོན་དངོས་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད།

གསར་འགོད་པས་ཟླ9བའི་ཚེས16ཉིན་བསྡུས་པའི་བཟོ་ཚོགས་ཀྱིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་སྐུལ་འདེད་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། མིག་སྔའི་བར་དུ། རོགས་སྐྱོར་མ་དངུལ་སྒོར་ཁྲི1845དངོས་འབེབས་བྱས་ཤིང་། བཟོ་ཚོགས་ལས་བྱེད་མི་སྣ་རོགས་སྐྱོར་བྱེད་ཡུལ་དུ་གསོ་སྦྱོང་དང་ལས་རྐང་དུ་ཞུགས་པ་མི216ཡོད་ལ། ངལ་རྩོལ་དཔེ་ལེགས་མི་སྣ་མི50ལུས་ཕུང་གསོ་བཅོས་བྱས་པ་དང་། བཟོ་བའི་དཔེ་ཁང10གསར་འཛུགས་བྱས། བཟོ་བའི་རིག་གནས་ཁང་དང་དཀའ་ངལ་བཟོ་བའི་རོགས་སྐྱོར་ལྟེ་གནས་སྐོར་ཞིག་ལེགས་བཅོས་འཛུགས་སྐྲུན་བྱས་ལ། གཞི་རིམ་བཟོ་ཚོགས་ཀྱི་གཞུང་སྒྲུབ་ཆ་རྐྱེན་ཇེ་ལེགས་སུ་བཏང་ནས། མཚོ་སྔོན་གྱི་ཁུལ་དྲུག་གི་བཟོ་ཚོགས་བྱ་བའི་གསར་སྐྲུན་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་བསྣན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག