མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཐུན་ཏེ་རྫོང་གིས་མ་དངུལ་སྒོར་དུང་ཕྱུར9བཏང་ནས་མཛེས་སྡུག་གྲོང་རྡལ་ཆུང་བ་འཛུགས་སྐྲུན་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-18 10:41

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལྔ་བཅུ་གཉིས་པའི”འཆར་འགོད་ལག་བསྟར་བྱས་པའི་ཚུན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་དམིགས་བསལ་རང་བཞིན་གྱི་ལོ་གསུམ་གྱི་དབུལ་སྐྱོར་བརྟན་བརླིང་འཆར་འགོད་ལག་བསྟར་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཏེ། རྫོང་མཁར་གསར་བ་འཛུགས་སྐྲུན་བྱེད་པ་དེ་ཤང་གྲོང་གི་ཕྱོགས་ཡོངས་འཕེལ་རྒྱས་གཅིག་གྱུར་ཅན་དང་གྲོང་རྡལ་ཅན་འཛུགས་སྐྲུན་བྱེད་པའི་འཕེལ་རྒྱས་ཐབས་ཇུས་ཁྲོད་བཞག་སྟེ། གནས་བབ་དང་འགྲིམ་འགྲུལ། ས་ཁོངས་ཐོན་ཁུངས་བཅས་འཕེལ་རྒྱས་ལེགས་ཆ་གསུམ་འདོན་སྤེལ་གང་ལེགས་བྱས་ཤིང་། མ་དངུལ་སྒོར་དུང་ཕྱུར9.04བཏང་ནས་གཙོ་བོ་བཟོ་འགོད33ལག་བསྟར་བྱས་ནས་ཤུགས་ཆེན་པོས་བྱེད་ནུས་ཆ་ཚང་ཞིང་སྣང་བརྙན་འབུར་ཏུ་ཐོན་པ། ཁོར་ཡུག་གཙང་དག་ཡིན་པ། མི་རིགས་ཁྱད་ལྡན་རིག་གནས་ཕུན་སུམ་ཚོགས་པའི་འཚོ་སྡོད་ཁོར་ཡུག་གསར་འཛུགས་བྱས།

2011ལོར་རྫོང་མཁར་གསར་བ་འཛུགས་སྐྲུན་བྱེད་འགོ་ཚུགས་པའི་ཚུན། མ་དངུལ་སྒོར་དུང་ཕྱུར6.94ལེགས་འགྲུབ་བྱས་ནས་གཙོ་བོ་ཐོག་ཁང་དང་གཞུང་ལམ་འགྲིམ་འགྲུལ། རིག་གནས་འཕྲོད་བསྟེན། ཆུ་མདོན་བཟོ་འགོད། གློག་ཤུགས་བརྡ་འཕྲིན། མེ་འགོག་དང་ཆུ་ལོག་སྔོན་འགོག ལྗང་བསྒྱུར་མཛེས་ལྗོངས། ཁོར་ཡུག་སྲུང་སྐྱོང་སོགས་བཟོ་འགོད་ཆེན་མོ་དགུ་ཡི་གཙོ་གནད་ལས་གཞི20ལག་བསྟར་བྱས། འཆར་འགོད་འཕེལ་རྒྱས་ཀྱི་བཀོད་སྒྲིག་ལ་གཞིགས་ཏེ། 2015ལོར་མ་དངུལ་སྒོར་དུང་ཕྱུར2.1བཏང་ནས་གཙོ་བོ་རྫོང་རི་རིག་གནས་འགྲེམ་སྟོན་ཁང་དང་གྲོང་ཁྱེར་སྲིད་དོན་ལས་རིགས་སྡོད་ཁང་དང་རྫབ་རླངས། དངོས་ཟོག་དབོར་འདྲེན་སོགས་སྤྱི་བའི་ཞབས་ཞུ་སྒྲིག་ཆས་བཅས་ཀྱི་གཙོ་གནད་ལས་གཞི13ལག་བསྟར་བྱེད་རྒྱུ་ཡིན་པ་དང་། “ལྔ་བཅུ་གཉིས་པའི”དུས་མཇུག་ཏུ་རྫོང་མཁར་གསར་བའི་གྲོང་རྡལ་རྨང་གཞི་སྒྲིག་ཆས་ཕལ་ཆེར་འཐུས་ཚང་ཡིན་པ་དང་། གྲོང་རྡལ་གྱི་སྤུས་ཀ་ཁྱད་དུ་འཕགས་པ། གྲོང་རྡལ་གྱི་ཁྱད་ཆོས་མངོན་གསལ་ཡིན་ཞིང་། མིའི་འཚོ་སྡོད་ཁོར་ཡུག་ཚད་མཐུན་ཡིན་པའི་དེང་རབས་ཅན་གྱི་མཐོ་སྒང་མཛེས་སྡུག་གྲོང་རྡལ་ཆུང་བ་གསར་འཛུགས་བྱེད་རྒྱུ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག