མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“གཞི་གསུམ”བྱ་བ་བཀོད་སྒྲིག་ཡར་སྐུལ་རྩ་འཛུགས་འཛུགས་སྐྲུན་བྱེད་པའི་གྲོས་ཚོགས་ཟི་ལིང་ནས་བསྡུས།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-18 10:41

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“གཞི་གསུམ”བྱ་བ་བཀོད་སྒྲིག་ཡར་སྐུལ་རྩ་འཛུགས་འཛུགས་སྐྲུན་བྱེད་པའི་གྲོས་ཚོགས་ཉེ་ལམ་ཟི་ལིང་ནས་བསྡུས། གྲོས་ཚོགས་ནས་བུད་མེད་མཉམ་འབྲེལ་རྩ་འཛུགས་འཛུགས་སྐྲུན་བྱ་བའི་ཉམས་མྱོང་སྤྱི་བསྡོམས་བྱས་ནས། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི“གཞི་གསུམ”འཛུགས་སྐྲུན་བྱ་བ་བཀོད་སྒྲིག་བྱས།

ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་གཞི་རིམ་གྱི་རྩ་འཛུགས་ལ་ཤུགས་སྣོན་པ་དེ་གནད་འགག་ཏུ་བརྩིས་ནས། བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་དྲ་རྒྱ་འཐུས་ཚང་དུ་གཏོང་དགོས་པ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་སུ་རྒྱ་བསྐྱེད་དེ། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་དཔེ་ལེགས་དཔའ་མོའི་ཁྱད་ཆོས་ལྡན་པའི་དཔེ་སྟོན་སྡེ་བའི་ཁྲོད་ཀྱི་བུད་མེད་ཁྱིམ་ཚང་དཔེ་སྟོན་གསར་སྐྲུན་བྱེད་པའི་བྱ་བ་སྔར་ལས་འཐུས་ཚང་དུ་བཏང་ནས། ཞབས་ཞུའི་རང་བཞིན་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་འཛུགས་སྐྲུན་བྱ་བ་ཡར་སྐུལ་བྱེད་དགོས།

རྨང་གཞི་བྱ་བ་ཇེ་བརྟན་དུ་གཏོང་བ་ཐབས་ལམ་དུ་བརྩིས་ནས། ཕན་འབྲས་ལྡན་པའི་བྱེད་ཐབས་བཟང་བོ་དང་། ཉམས་མྱོང་བཟང་བོའི་ཐད་ནས་ལམ་ལུགས་ཚད་ལྡན་དུ་གཏོང་དགོས་པ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་འཛུགས་སྐྲུན་བྱེད་པའི་བྱ་བ་ཡུན་ཕན་ཅན་དང་། རྒྱུན་ལྡན་ཅན་དུ་ཡར་སྐུལ་གཏོང་དགོས། བུད་མེད་གྲོས་དོན་ཚོགས་འདུའི་ལམ་ལུགས་སྔར་ལས་དངོས་འབེབས་བྱས་ནས། རྒྱ་ཆེའི་བུད་མེད་མང་ཚོགས་རང་འགུལ་གྱིས་རང་ལ་དོ་དམ་དང་། རང་ཉིད་འཕེལ་རྒྱས་སུ་གཏོང་བའི་ལག་ལེན་བྱེད་མཁན་དང་ཡར་སྐུལ་བྱེད་མཁན་དུ་འགྱུར་དགོས། ནན་ཏན་སྒོས་གཞི་རིམ་མང་ཚོགས་ལ་རོགས་རམ་བྱས་ནས། དཀའ་ཁག་ཅན་གྱི་ཨ་མ་རྣམས་ལ་ནད་ལྗིད་མོ་བྱུང་ན་རོགས་སྐྱོར་བྱེད་པའི་བྱ་བ་བརྩོན་ལེན་བྱེད་དགོས་པ་དང་། ཁྲིན་ལོས་འཆར་གཞི་དང་། དཀའ་ཁག་མཐོ་འབྲིང་སློབ་མར་རོགས་སྐྱོར་བྱེད་པ། དྭ་ཕྲུག་དང་བདག་མེད་ལོ་ལོན་སོགས་ལ་རྒུད་སྐྱོབ་ཞལ་འདེབས་འབུལ་བ་སོགས་ལས་གཞི་སྤེལ་ནས། བུད་མེད་ལ་ཞབས་འདེགས་ཞུ་བའི་བྱ་བ་དེ་དངོས་འབེབས་བཟང་བོ་བྱས་ནས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག