མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲུང་དབྱང་ཁྲིམས་འཛིན་པུའུ་ཡིས་མཚོ་སྔོན་ནས་སློབ་གྲྭ་ཆེན་མོ་བའི་བཅའ་ཁྲིམས་རོགས་སྐྱོར་དང་བླངས་པའི་གསོ་སྦྱོང་འཛིན་གྲྭ་བསྡུས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-18 10:41

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་བཅུ་བཞི་ཉིན་ནས་ཚེས་བཅུ་དྲུག་ཉིན་བར། ཀྲུང་དབྱང་ཁྲིམས་འཛིན་པུའུ་ཡིས་མཚོ་སྔོན་ནས་ནུབ་རྒྱུད་སློབ་གྲྭ་ཆེན་མོ་བའི་བཅའ་ཁྲིམས་རོགས་སྐྱོར་དང་བླངས་པའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ་དང་། ནུབ་རྒྱུད་ཀྱི་ཞིང་ཆེན་དང་ལྗོངས་སོ་སོ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཀྱི་སློབ་གྲྭ་ཆེན་མོ་བ་བརྒྱད་ཅུ་ལྷག་གསོ་སྦྱོང་ལ་ཞུགས།

ཀྲུང་དབྱང་ཁྲིམས་འཛིན་པུའུ་བཅའ་ཁྲིམས་རོགས་སྐྱོར་ཟི་ཡི་འགན་ཁུར་བློ་མཐུན་དང་ཞིང་ཆེན་ནང་ཁུལ་གྱི་འབྲེལ་ཡོད་ཆེད་མཁས་པས། དོན་ཟབ་ཅིང་གོ་བདེ་བའི་སྒོ་ནས་བཅའ་ཁྲིམས་རོགས་སྐྱོར་གྱི་ད་ལྟའི་གནས་བབ་དང་ལས་འགན། ཚད་མཐུན་གྱི་བཅའ་ཁྲིམས་རོགས་སྐྱོར་དང་བླངས་པ་ཞིག་བྱེད་པ་སོགས་ཀྱི་ཐད་ནས་ཟུར་ཁྲིད་བྱས།

གསོ་སྦྱོང་སྐབས་སུ། སློབ་མ་ཚོས་ད་དུང་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་དང་འབྲེལ་ཡོད་ཀྱི་བྱ་བའི་ས་ཚུགས་ལ་ལྟ་སྦྱོང་བྱས་པ་མ་ཟད། བཅའ་ཁྲིམས་རོགས་སྐྱོར་བྱ་བར་ཤུགས་སྣོན་པའི་བཞུགས་མོལ་ཚོགས་འདུ་དང་གཞི་རིམ་དུ་བཅའ་ཁྲིམས་རོགས་སྐྱོར་བྱེད་པར་འགྲོ་བའི་མགོ་རྩོམ་མཛད་སྒོ་བསྡུས། སློབ་མ་ཚོས་གཞི་རམ་དུ་བཅའ་ཁྲིམས་རོགས་སྐྱོར་བྱེད་པར་བསྐྱོད་པའི་མཛད་སྒོའི་སྟེང་། རྩ་འཛུགས་ཀྱི་བཀོད་སྒྲིག་ལྟར་དུ། གཞི་རིམ་དུ་སོང་ནས་བཅའ་ཁྲིམས་ཤེས་བྱ་བརྒྱུད་སྒྲོག་དང་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་བཏང་སྟེ། ཧུར་ཐག་གིས་བཅའ་ཁྲིམས་རོགས་སྐྱོར་བྱ་བ་བཟང་བོ་བསྒྲུབ་རྒྱུ་ཡིན་པའི་ཚུལ་བསྟན།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག