མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་སྐོར་ཐེངས་གསུམ་པའི་རྒྱལ་ཡོངས་ཨེ་ཙིའི་ནད་ཕྱོགས་བསྡུས་འགོག་བཅོས་དཔེ་སྟོན་ཁུལ་གྱི་བྱ་བ་སྤེལ་མགོ་བརྩམས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-18 10:41

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་གྱིས་སྐོར་ཐེངས་གསུམ་པའི་རྒྱལ་ཡོངས་ཨེ་ཙིའི་ནད་ཕྱོགས་བསྡུས་འགོག་བཅོས་དཔེ་སྟོན་ཁུལ་གྱི་བྱ་བ་སྤེལ་མགོ་བརྩམས་ནས། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གཉིས་སྐོར་ཐེངས་གསུམ་པའི་རྒྱལ་ཡོངས་ཨེ་ཙིའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་གྲོང་ཁྱེར་དཔེ་སྟོན་ཁུལ་དང་། ཧོང་ཀྲུང་རྫོང་དང་གུང་ཧོ་རྫོང་། ན་གོར་མོ་གྲོང་ཁྱེར་བཅས་སྐོར་ཐེངས་གསུམ་པའི་རྒྱལ་ཡོངས་ཨེ་ཙིའི་ནད་ཕྱོགས་བསྡུས་འགོག་བཅོས་རྫོང་དཔེ་སྟོན་ཁུལ་དུ་གཏན་ཁེལ་བྱས།

མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གིས་དཔེ་སྟོན་ཁུལ་གྱི་བྱ་བའི་མགོ་ཁྲིད་ཚན་ཆུང་དང་། དཔེ་སྟོན་ཁུལ་དོ་དམ་གཞུང་སྒྲུབ་ཁང་། ལག་རྩལ་མཛུབ་སྟོན་ཚན་ཆུང་བཅས་བཙུགས་ནས། དཔེ་སྟོན་ཁུལ་གྱི་བྱ་བའི་ཕྱོགས་བསྡུས་མཐུན་སྦྱོར་དང་ཉིན་རྒྱུན་གྱི་དོ་དམ། ལག་རྩལ་ཐད་ཀྱི་རྒྱབ་སྐྱོར་བཅས་ལ་ཤུགས་སྣོན་དང་། འགོག་བཅོས་བྱ་བའི་ཁྲོད་གནས་པའི་གཙོ་གནད་དང་དཀའ་གནད་ཐག་གཅོད་བྱེད་པ་གཙོ་བོར་འཛིན་པ་དང་། དཔེ་སྟོན་ཁུལ་གྱི་བྱ་བ་དེ་ཤུགས་འདོན་སར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཨེ་ཙིའི་ནད་འགོག་བཅོས་བྱ་བ་ཕྱོགས་ཡོངས་དང་གཏིང་ཟབ་ཏུ་སྤེལ་བ་དང་། དཔེ་སྟོན་ཁུལ་སོ་སོས་རྩ་འཛུགས་འགན་སྲུང་དང་། ལྟ་ཞིབ་ཚད་ལེན་དང་ཞིབ་དཔྱད་ཚད་ལེན། དྲིལ་སྒྲོག་སློབ་གསོ། སྲིད་ཇུས་གསོ་སྦྱོང་། སྔོན་འགོག སྨན་བཅོས་དང་ཐུགས་ཁུར་རོགས་སྐྱོབ། སྤྱི་ཚོགས་རྩ་འཛུགས་དེའི་ཁྲོད་ཞུགས་པ་དང་གསར་སྤེལ་མ་དཔེ་སོགས་ཀྱི་ཁྱབ་ཁོངས་བདུན་དང་དམིགས་ནས། སྡེ་ཁག་མང་པོའི་དགེ་མཚན་འདོན་སྤེལ་དང་སྤྱི་ཚོགས་སྟོབས་ཤུགས་ལ་སྐུལ་སློང་བྱེད་པ་དང་། ཨེ་ཙིའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་བྱེད་ཐབས་ལག་བསྟར་བཟང་བོ་བྱས་ཏེ། ཨེ་ཙིའི་ནད་ཕྱོགས་བསྡུས་འགོག་བཅོས་ཐད་ཀྱི་འབྲེལ་ཡོད་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག