མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་མི་རིགས་སློབ་ཆེན་གྱིས་ཐོག་མར་འབུམ་རམས་པའི་སློབ་མ་བསྡུས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-18 10:41

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས17ཉིན། མཚོ་སྔོན་མི་རིགས་སློབ་ཆེན་གྱིས་འབུམ་རམས་པའི་བསླབ་གནས་ཀྱི་སློབ་གསོ་འགོ་རྩོམ་པའི་མཛད་སྒོ་བསྡུས། ད་ལོར་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་ཐོག་མར་འབུམ་རམས་པའི་ཞིབ་འཇུག་སློབ་མ6བསྡུས་པས། དངོས་གཞི་དང་རབ་འབྱམས་པ། འབུམ་རམས་པའི་སློབ་གསོ་གཅིག་ཏུ་འདུས་པ་མངོན་འགྱུར་བྱས།

ད་ལོའི་ཟླ5བར། སློབ་གསོ་པུའུ་ཡིས་ཆོག་མཆན་ཐོབ་པ་བརྒྱུད། མཚོ་སྔོན་མི་རིགས་སློབ་ཆེན་དང་ཐེན་ཅིན་སློབ་ཆེན་གཉིས་ཀྱིས་མཉམ་འབྲེལ་སྒོས་འབུམ་རམས་པའི་ཞིབ་འཇུག་སློབ་མ་གསོ་སྐྱོང་བྱེད་རྒྱུ་དང་། ད་ལོར་འབུམ་རམས་པའི་ཞིབ་འཇུག་སློབ་མ6བསྡུ་རྒྱུ་གཏན་འཁེལ་བྱས། སློབ་མ་བསྡུ་བའི་ཁྱབ་ཁོངས་ནི་བོད་བརྒྱུད་ནང་བསྟན་དོ་དམ་དང་བོད་ཁུལ་སྤྱི་ཚོགས་བཅོས་སྐྱོང་ཞིབ་འཇུག་དང་། བོད་ཀྱི་གསོ་རིག་རྒྱུད་འཛིན་འཕེལ་རྒྱས་དང་གསར་སྐྲུན་ཞིབ་འཇུག བོད་ཁུལ་སྤྱི་ཚོགས་གནད་དོན་ཕྱོགས་བསྡུས་ཞིབ་འཇུག བོད་བརྒྱུད་ནང་བསྟན་བསྟན་དོན་གྱི་ཚན་རིག་འགྲེལ་བཤད། བོད་རིགས་ལོ་རྒྱུས་རིག་གནས་བསྟན་བཅོས་རྒྱ་འགྱུར་བཅས་ཀྱི་ཕྱོགས་ཡིན་ལ། ཁྱབ་ཁོངས་སོ་སོར་རྒྱལ་ཡོངས་ནས་འབུམ་རམས་པའི་སློབ་མ1རེ་བསྡུ་རྒྱུ་རེད། དེར་མཚོ་སྔོན་དང་བོད་ལྗོངས། ཀན་སུའུ། ཧྲན་ཞི་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་སློབ་མ35མིང་ཐོ་བཀོད་ཡོད། ཟླ7པའི་ཚེས10ནས་ཚེས14ཉིན་བར་སློབ་ཆེན་གཉིས་ཀྱིས་མཚོ་སྔོན་མི་རིགས་སློབ་ཆེན་ནས་མཉམ་འབྲེལ་སྒོས་སྐོར་དང་པོའི་འབུམ་རམས་པའི་སློབ་མ་བསྡུ་བའི་བྱ་བ་ལེགས་འགྲུབ་བྱས་པ་དང་། འབུམ་རམས་པའི་ཞིབ་འཇུག་སློབ་མ6དངོས་སུ་ཐོ་བཀོད་བྱས།

འབུམ་རམས་པའི་ཞིབ་འཇུག་སློབ་མའི་བྱ་བའི་དགོས་མཁོར་གཞིགས་ཏེ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་བསླབ་གནས་ཨུ་ཡོན་ལྷན་ཚོགས་ཀྱིས་སློབ་དཔོན་ཆེན་མོ13གདན་ཞུ་བྱས་ཏེ་འབུམ་རམས་པའི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་བསྐོས་པ་མ་ཟད། མཚོ་སྔོན་མི་རིགས་སློབ་ཆེན་འབུམ་རམས་པའི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཚན་ཆུང་བཙུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག