མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་རུ་ཁག་ཁྲིད་དེ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱ་བ་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-18 09:43

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་ཏང་ཨུའི་འགན་ཁུར་གཙོ་བོ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་འགན་ཁུར་དངོས་འབེབས་བྱེད་པའི་སྐོར་གྱི་བསམ་འཆར་ལག་བསྟར་དངོས་འབེབས་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཆེད་དོན་གྲོས་ཚོགས་ཀྱི་དགོངས་དོན་ལྟར། ཉེ་ལམ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་སོ་སོར་རུ་ཁག་ཁྲིད་དེ་ས་གནས་དང་ལས་ཁུངས་སོ་སོར་སོང་ནས་ཡུལ་དངོས་ནས་འཚམས་འདྲི་དང་བཞུགས་མོལ་ཚོགས་འདུ་བསྡུས་ནས། མགོ་ཁྲིད་དང་པོ་དང་ཁ་བརྡ་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་དེ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་ཏང་ཨུའི་འགན་ཁུར་གཙོ་བོ་དངོས་འབེབས་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས།

རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་ནན་གྱིས་བསྟན་དོན། རང་རྟོག་སྒོས་ལས་གནས་གཅིག་ལ་འགན་ཁུར་གཉིས་ལག་བསྟར་བྱས་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་དགོས་པ་དང་། དུས་རྒྱུན་དུ་ཞིབ་འཇུག་དང་དུས་རྒྱུན་དུ་བྱ་བ་བཀོད་སྒྲིག་ནན་མོ་བྱས་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ཆམ་ཕབ་གཏོང་བའི་འཐབ་འཛིང་གི་ལས་འགན་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱ་བའི་ཁོར་ཡུག་ཅུང་བཟང་བོ་ཞིག་ཆགས་པར་བྱས་ཏེ། བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ཡོང་བར་འགན་སྲུང་བྱེད་དགོས་ཟེར།

རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་བསྟན་དོན། ས་གནས་དང་ལས་ཁུངས་སོ་སོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་ཏང་ཨུའི་འགན་ཁུར་གཙོ་བོ་དངོས་འབེབས་བྱེད་པའི་གོ་རིམ་ཁྲོད་དུ། མཐོང་ཆེན་ཚད་མཐོན་པོ་བྱས་པ་དང་། བྱ་བ་ནན་ཏན་སྒོས་སྒྲུབ་ནས་ཕན་འབྲས་བླངས། ཏང་ཨུ་དང་ནང་སྒོས་སུ་མགོ་ཁྲིད་དང་པོས་ཀླད་པ་གསལ་བོར་བྱས་ནས། ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་གནད་དོན་དངོས་ཐག་གཅོད་པའི་སྟེང་དུ་མཚོན་པར་བྱས་པ་དང་། ཏང་ཨུའི་འགན་ཁུར་གཙོ་བོ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་ཕན་འབྲས་ཅུང་བཟང་བོ་བླངས་ཤིང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ཆམ་ཕབ་གཏོང་བའི་འཐབ་འཛིང་ཡར་སྐུལ་བྱས་ཟེར།

རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་ནན་གྱིས་བསྟན་དོན། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་ཁུར་གཙོ་བོ་དངོས་འབེབས་བཟང་བོ་བྱེད་རྒྱུ་ནི། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་འགན་ཁུར་དགོས་པའི་ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན་པས། བསམ་བློ་དང་བྱ་སྤྱོད་གཉིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བའི་སྟེང་དུ་གཅིག་གྱུར་བྱས་ནས། ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་། ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཚད་མཐོན་པོ་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་ཁུར་གཙོ་བོ་དམ་འཛིན་བྱེད་དགོས་པ་དང་། གནད་དོན་གྱི་ཁ་ཕྱོགས་འབུར་དུ་ཐོན་པར་བྱས་ཏེ། འགན་འཁྲི་དང་ལེན་ནན་མོ་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་ནང་སྒོས་སུ་མགོ་ཁྲིད་དང་པོས་ཀླད་པ་གསལ་བོར་བྱས་ནས། འགན་ཁུར་གཙོ་བོ་ལག་བསྟར་བྱེད་པའི་ཐད་ནས་དངོས་གཉེར་དང་ནན་ཏན། དངོས་འབེབས་བཟང་བོ་བྱེད་དགོས་པ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོས་སྤྱོད་སྟངས་འཛུགས་སྐྲུན་བྱ་བ་དང་སྒྲིག་ཁྲིམས་ནན་མོ། རུལ་སུངས་ལ་ཆམ་ཕབ་ནན་མོ་གཅོད་པའི་བྱ་བ་དམ་འཛིན་བྱེད་པ། རང་དཔེ་གཞན་སྟོན་དང་། གོང་རིམ་གྱི་སྣེ་ཁྲིད་འོག ཚན་ཁག་དོ་དམ་བཟང་བོ་བྱེད་པ་དང་། དཔུང་སྡེ་སྣེ་ཁྲིད་བཟང་བོ་བྱེད་དགོས། ཚན་ཁག་ཁོངས་མིས་རང་རྟོག་སྒོས་ལས་གནས་གཅིག་གི་འགན་ཁུར་གཉིས་ལག་བསྟར་བྱེད་དགོས་པ་དང་། རང་སོ་སོའི་བྱ་བའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱ་བར་མཐོང་ཆེན་ནན་མོ་བྱས་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ཆམ་ཕབ་གཏོང་བའི་འཐབ་འཛིང་བྱ་བའི་ལས་འགན་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག