མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཝང་ཅན་ཅོན་གྱིས་ཟི་ལིང་གྲོང་ཁྱེར་གྱི་ཞིང་སྡེ་དང་སྡོད་ཁུལ་གྱི་སྐབས་བརྗེ་འདེམ་བསྐོ་བྱེད་པར་གྲ་སྒྲིག་བྱས་པའི་བྱ་བར་རྟོག་ཞིབ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-18 09:43

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་པའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅོན་གྱིས་ཟི་ལིང་གྲོང་ཁྱེར་ཡོངས་ཀྱི་ཞིང་སྡེ་དང་སྡོད་ཁུལ་གྱི་ཏང་རྩ་འཛུགས་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་འདེམ་བསྐོ་བྱེད་པར་གྲ་སྒྲིག་བྱས་པའི་བྱ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས། ཟི་ལིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་པིས་ཞའོ་ཉིན་སོགས་ཝང་ཅན་ཅོན་དང་མཉམ་དུ་རྟོག་ཞིབ་བྱེད་པར་སོང་། ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། ཡོངས་བསྒྲགས་དང་དྲང་བདེན། དྲང་བཞག་བཅས་ཀྱི་སྒོ་ནས་སྡེ་བ་དང་སྡོད་ཁུལ་གྱི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་འདེམ་བསྐོ་བྱ་བ་ལེགས་པོར་བསྒྲུབ་ནས་རྩ་འཛུགས་དང་ཏང་ཡོན། མང་ཚོགས་བཅས་ཀྱི་ཡིད་ཆེས་ཐོབ་པར་བྱེད་དགོས་ཟེར།

ཝང་ཅན་ཅོན་གྱིས་བསྟན་དོན། སྡེ་བ་དང་སྡོད་ཁུལ་གྱི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འགོ་ཁྲིད་ཚན་ཁག་སྐབས་བརྗེ་འདེམ་བསྐོ་བྱེད་པ་ནི་ཞིང་ཆེན་ཡོངས་ཀྱི་ཞང་དང་གྲོང་རྡལ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པ་དང་། དེ་མང་ཚོགས་ཀྱི་ཁེ་ཕན་དངོས་དང་འབྲེལ་བ་ཡོད་ལ། བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ཆེ་ཕྱོགས་ལའང་འབྲེལ་བ་ཡོད། དེ་སྐབས་རིམ་བྱུང་གི་འདེམ་བསྐོ་དང་བསྡུར་ན། ད་ལོའི་སྐབས་བརྗེ་འདེམ་བསྐོ་དེར་གོ་སྐབས་གསུམ་དང་ཆ་རྐྱེན་གསུམ་མངོན་ཡོད། གཅིག་ནི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་སྤེལ་བའི་སྐབས་ཡིན་པས། གྲོང་ཁྱེར་ཡོངས་དང་ཡང་ན་ཞིང་ཆེན་ཡོངས་་ཀྱི་གཞི་རིམ་རྩ་འཛུགས་ཀྱི་སྐབས་བརྗེ་བྱ་བར་ཆབ་སྲིད་སྟེང་དང་བསམ་བློའི་སྟེང་། མང་ཚོགས་ཀྱི་སྟེང་། ཁོར་ཡུག་གི་སྟེང་བཅས་སུ་གྲ་སྒྲིག་ལེགས་པོ་ཞིག་འདོན་སྤྲོད་བྱས་ཡོད། གཉིས་ནི་ཞིང་ཆེན་དང་གྲོང་ཁྱེར་གྱི་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱིས“གཞི་གསུམ”འཛུགས་སྐྲུན་བྱེད་པ་གཏན་འཁེལ་བྱས་པས། དེས་སྐབས་བརྗེ་འདེམ་བསྐོ་བྱ་བར་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱས་ཡོད། གསུམ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དེས་འང་སྐབས་བརྗེ་བྱ་བར་ཤུགས་དང་ལྡན་པའི་འགན་སྲུང་བྱས་ཡོད་པ་བཅས་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག