མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲུང་གོ་བུད་མེད་དང་བྱིས་པ་འཕེལ་རྒྱས་ཐེབས་རྩ་ཚོགས་པས་མཚོ་སྔོན་གྱི་དཀའ་ཁག་ཅན་གྱི་སྦྲུམ་མ་དང་བྱིས་པ་རྣམས་ལ་རིན་ཐང་མ་དངུལ་སྒོར་མོ་འབུམ་བདུན་དང་ཁྲི་ལྔའི་ཟས་རིགས་བྱིན།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-18 09:42

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས་བཅུ་དྲུག་ཉིན་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། དཀའ་ཁག་ཅན་གྱི་སྦྲུམ་མ་དང་སྐྱེས་མ་ཐག་པའི་བྱིས་པར་རོགས་རམ་བྱེད་པ་དང་། ཁོ་མོ་ཚོར་གཅེས་སེམས་འབུལ་ཆེད། མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པ་འཕེལ་རྒྱས་ཐེབས་རྩ་ཚོགས་པས་ཀྲུང་གོ་བུད་མེད་དང་བྱིས་པ་འཕེལ་རྒྱས་ཐེབས་རྩ་ཚོགས་པ་ནས་རིན་ཐང་མ་དངུལ་སྒོར་མོ་འབུམ་བདུན་དང་ཁྲི་ལྔའི་བྱིས་པའི་ཟས་རིགས་སྐོར་ཞིག་བརྩོན་ལེན་བྱས་ནས་ཞལ་འདེབས་སུ་ཕུལ།

རེབ་འདིར་བྱིས་པའི་ཟས་རིགས་དེ་པེས་དབྱིན་མའེ་བྱིས་པའི་ཟས་རིགས་ཐོན་རྫས་མ་རྐང་ཚད་ཡོད་ཀུང་ཟིས་ཀྲུང་གོ་བུད་མེད་འཕེལ་རྒྱས་ཐེབས་རྩ་ཚོགས་པར་ཞལ་འདེབས་སུ་ཕུལ། ཟི་ལིང་དང་། མཚོ་ཤར། མཚོ་ནུབ། མཚོ་བྱང་། མཚོ་ལྷོ་སོགས་ས་ཁུལ་ལ་གཏོགས་པའི་དབུལ་ཕོངས་ཁྱིམ་ཚང་གི་བྱིས་པ་སྟོང་ཕྲག་འགའ་ལ་ཕན་པ་ཐོབ་ངེས། པེས་དབྱིན་མའེ་སྡེ་ཚོགས་ཀྱིས་ཁེ་ལས་འཕེལ་རྒྱས་སུ་བཏང་བའི་ཞོར་དུ། སྤྱི་ཚོགས་ཀྱི་སྤྱི་ཕན་ལས་དོན་ལ་ཞུགས་ནས། འཚོ་བར་དཀའ་ཁག་ཐེབས་པའི་སྦྲུམ་མ་དང་བྱིས་པར་རོགས་རམ་བྱས་པ་དེ་ལས། སྤྱི་ཚོགས་ཀྱི་ཁྱིམ་གཞི་ཆེན་པོས་གཅེས་སེམས་ཕུལ་བ་མཚོན་ཐུབ།

ཞིང་ཆེན་བུད་མེད་དང་བྱིས་པ་འཕེལ་རྒྱས་ཐེབས་རྩ་ཚོགས་པས་མུ་མཐུད་དུ་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་དང་། སྤྱི་ཚོགས་ལ་ཕན་བདེ་བསྐྲུན་པའི་དམིགས་ཡུལ་རྒྱུན་འཁྱོངས་བྱས་ནས། སྐྱེས་མ་ཐག་པའི་བྱིས་པ་རྣམས་སྐྱོན་བྲལ་བའི་ངང་འཚར་ལོངས་འབྱུང་བར་མཐུན་རྐྱེན་བཟང་བོ་བསྐྲུན་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག