མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཟླ1པོ་ནས་ཟླ8པའི་བར་གྱི་བཟོ་ལས་དཔལ་འབྱོར་འཁོར་སྤྱོད་གནས་ཚུལ་དབྱེ་ཞིབ་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-17 10:22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལའོ་ཡུས་ལིན་གྱིས་འགོ་འཛིན་བྱས་ཏེ་ཟླ1པོ་ནས་ཟླ8པའི་བར་གྱི་ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་འཁོར་སྤྱོད་གནས་ཚུལ་དབྱེ་ཞིབ་ཚོགས་འདུ་བསྡུས་པ་དང་། ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་གྱི་ཟླ1པོ་ནས་ཟླ8པའི་བར་གྱི་བཟོ་ལས་དཔལ་འབྱོར་འཁོར་སྤྱོད་གནས་ཚུལ་ལ་ཉན་པ་དང་། མིག་སྔའི་གནས་བབ་དང་དཀའ་ངལ་ལ་ཞིབ་འཇུག་དབྱེ་ཞིབ་བྱས་ཏེ་དུས་སྐབས་རྗེས་མའི་བྱ་བར་བཀོད་སྒྲིག་བྱས།

ཚོགས་འདུས་བསྟན་དོན། རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ཆེན་པོའི་ཤུགས་རྐྱེན་འོག མཚོ་སྔོན་ཞིང་ཆེན་གྱི་བཟོ་ལས་དཔལ་འབྱོར་འཁོར་སྤྱོད་མར་ཆག་པའི་གནོན་ཤུགས་སྔར་ལས་ཇེ་ཆེར་སོང་བ་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བློ་རིག་ཡངས་པོས་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་གནས་བབ་ལ་ཞིབ་འཇུག་དང་ཐག་གཅོད་ཡང་དག་བྱས་ཏེ། མིག་སྔའི་བཟོ་ལས་དཔལ་འབྱོར་འཁོར་སྤྱོད་ཁྲོད་གནས་པའི་དཀའ་ངལ་དང་གནད་དོན་ལ་ངོས་འཛིན་ཡང་དག་བྱེད་པ་དང་། བཟོ་ལས་འཁོར་སྤྱོད་དང་ལས་གཞི་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་རང་འགུལ་གྱིས་ཤུགས་ཆེན་པོས་ཡོང་སྒོ་འཕར་བར་ཁག་ཐེག་དང་ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་ལེགས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་པར་བསྟན།

ཚོགས་འདུས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་བྱ་བའི་དམིགས་གཏད་རང་བཞིན་ཇེ་ཆེར་གཏོང་བ་དང་། འབུར་ཐོན་གནད་དོན་དང་འགལ་ཟླར་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱོད་དགོས་ལ། ཚོང་ར་གསར་གཏོད་དང་ཕན་འབྲས་ཇེ་མཐོར་བཏང་ནས་ཁེ་ལས་ཀྱི་ལག་རྩལ་རིམ་འཕར་དང་བཅོས་བསྒྱུར་ལ་སྣེ་ཁྲིད་བྱས་ཏེ་ཐོན་ལས་དང་ཐོན་རྫས་ཀྱི་སྒྲིག་གཞི་ལེགས་སྒྲིག་ཇེ་མགྱོགས་སུ་གཏོང་བ་དང་། ཐོན་རྫས་ཀྱི་རིམ་པ་ཇེ་མཐོ་དང་ཁེ་ལས་ཀྱི་འགྲན་རྩོད་ནུས་པ་ཇེ་ཆེར་གཏོང་དགོས། དངུལ་གཏོང་ལ་ཤུགས་བསྣན་ཏེ་ཐོན་ལས་འཕེལ་རྒྱས་དང་ཐོན་ལས་གོང་འོག་འབྲེལ་མཐུད་བྱེད་ཤུགས་ལ་སྐུལ་སྤེལ་བྱས་ཏེ་དངོས་གནས་གློག་ཤུགས་དང་ལྕགས་ལམ། མ་དངུལ་སོགས་ཀྱི་རྒྱུ་རྐྱེན་རྩ་འཛུགས་ལ་འགན་སྲུང་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་བྱ་བའི་ཐབས་ལམ་གསར་སྐྲུན་བྱས་ཏེ། བསམ་བློ་གསར་བ་དང་བྱེད་སྟངས་གསར་བ། བྱེད་ཐབས་གསར་བས་ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་དེ་ཤུགས་ཆེན་པོས་བཟོ་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་དགོས། བཅོས་བསྒྱུར་གཏིང་ཟབ་དང་དངོས་འབེབས་ལ་གཙིགས་འཛིན་གྱིས་ཁེ་ལས་ཀྱི་དངོས་ཡོད་གནད་དོན་དངོས་གནས་ཐག་བཅད་དེ་ཁེ་ལས་ཀྱི་དངུལ་གཏོང་དང་འཕེལ་རྒྱས་ཡིད་ཆེས་ཇེ་ཆེར་གཏོང་དགོས་པར་ནན་གྱིས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག