མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྐོར་ཐེངས་བཅུ་གཅིག་པའི་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གིས་ཟི་ལིང་གི་སློབ་གསོ་ལག་ལེན་བྱ་འགུལ་ལ་ཞིབ་བཤེར་ལྟ་སྐུལ་མཛུབ་སྟོན་བྱས།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-16 10:57

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་ཀྲུང་དབྱང་སྐོར་ཐེངས་བཅུ་གཅིག་པའི་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གིས། ཟི་ལིང་གྲོང་ཁྱེར་གྱི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་གནས་ཚུལ་ལ་ཞིབ་བཤེར་ལྟ་སྐུལ་མཛུབ་སྟོན་བྱས་ཤིང་། གྲོང་ཁྱེར་ཡོངས་ཀྱི་སློབ་གསོ་བྱ་འགུལ་སྤེལ་བའི་གནས་ཚུལ་ཡར་ཞུ་ལ་ཉན་རྗེས། ཟི་ལིང་གྲོང་ཁྱེར་གྱིས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་འགྲོས་དང་བསྟུན་ནས། བསམ་སྦྱོར་གཉིས་ཐད་ནས་གྲུབ་འབྲས་མིག་མཐོང་ལག་ཟིན་བླངས་པར་གདེང་འཇོག་ཚད་མཐོན་པོ་བྱས།

ལྟ་སྐུལ་མཛུབ་སྟོན་ཚན་ཁག་གིས་ཧྲིན་ལི་གསོལ་མགྲོན་ཁང་ནས་ལྟ་སྐུལ་མཛུབ་སྟོན་རྟོག་ཞིབ་བཞུགས་མོལ་གྲོས་ཚོགས་བསྡུས་ཤིང་། ཡུལ་དངོས་ནས་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་སུའུ་རོང་གིས་ཟི་ལིང་གྲོང་ཁྱེར་གྱི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་གནས་ཚུལ་སྙན་ཞུ་བྱས་པར་ཉན་རྗེས། སྐོར་ཐེངས་བཅུ་གཅིག་པའི་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གི་ཚན་གཙོ་གཞོན་པ་སུའུ་ཙི་ལིན་གྱིས་ཟི་ལིང་གྲོང་ཁྱེར་གྱི་མང་ཚོགས་ལམ་ཕྱོགས་སློབ་གསོ་སྤེལ་བའི་བྱ་བར་དོན་མཐུན་ཡིད་འཇོག་བྱས།

སུའུ་ཙི་ལིན་གྱིས་བསྟན་དོན། ཟི་ལིང་གྲོང་ཁྱེར་གྱིས་སློབ་གསོ་ལག་ལེན་བྱ་འགུལ་ལ་ངོས་ཟིན་ཡང་དག་སྐྱེད་པ་དང་། བྱ་འགུལ་སྤེལ་ཤུགས་ཆེར་བཏང་བ། བྱ་འགུལ་གྱི་གོ་སྐབས་དམ་འཛིན་བྱེད་ཚད་སྔ་བ། བྱ་འགུལ་དངོས་གནད་དུ་བཟུང་བ་དམ་པ་བཅས་བྱས་པས། སྤྱི་ཁོག་སྙོམ་སྒྲིག་གི་ལས་གཞི་བཅུ་ལྷག་འཕྲལ་སྒྲུབ་བྱས་ཡོད་པར་མ་ཟད། བྱ་འགུལ་སྤེལ་བ་དོན་གནས་ཡོངས་འགྲུབ་བྱས་འདུག་ཟེར།

སུའུ་ཙི་ལིན་གྱིས་ནན་གྱིས་བསྟན་དོན། ཟི་ལིང་གྲོང་ཁྱེར་ནི་ས་ཆ་གཞན་དང་བསྡུར་ན་ས་བབ་དམིགས་བསལ་བ་ཡིན་པས། དེ་བསྟུན་གྱི་བླང་བྱ་ཡང་ནན་མོ་འཛིན་དགོས། ཟི་ལིང་གྲོང་ཁྱེར་གྱི་སློབ་གསོ་ལག་ལེན་བྱ་འགུལ་ཟབ་སྤེལ་བྱ་བར་གཤམ་གྱི་གནད་ལྔ་དམ་པོར་འཛིན་དགོས་ཏེ། གཅིག་ནས། སྤྱི་ཁོག་སྙོམ་སྒྲིག་གི་འོས་འགན་མཐའ་འཁྱོལ་བསྒྲུབ་དགོས། གཉིས་ནས། རང་སྟེང་གི་ནུས་པ་ཇེ་མཐོར་བཏང་ནས་གོང་འོག་བར་གསུམ་ལ་འབྲེལ་འདྲིས་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་དགོས། གསུམ་ནས། དུས་ཐུང་ལེགས་སྒྲིག་དང་དུས་རིང་ལེགས་སྒྲིག་གཉིས་ཟུང་དུ་སྦྲེལ་ནས་སྤེལ་དགོས། བཞི་ནས། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་ལ་སློབ་གསོ་སྤེལ་བ་གཉིས་ཟུང་དུ་སྦྲེལ་ནས་སྤེལ་དགོས། ལྔ་ནས། སློབ་གསོ་ལག་ལེན་བྱ་འགུལ་དང་ལས་གཞི་གཙོ་བོ་གཉིས་གཞི་གཅིག་ཏུ་སྦྲེལ་ནས་སྤེལ་རྒྱུ་བཅས་ལ་ཤུགས་སྣོན་བྱ་དགོས་པ་ནན་གྱིས་བསྟན།དེ་མིན་ད་དུང་སྐོར་ཐེངས་བཅུ་གཅིག་པའི་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གིས་ཏ་ཐུང་རྫོང་གི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་གནས་ཚུལ་ལ་ཞིབ་བཤེར་ལྟ་སྐུལ་བྱས།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག