མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་བཙོག་ཆུ་གཙང་སྒྱུར་བཟོ་གྲྭ་ཉི་ཤུ་བསྐྲུན།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-15 10:55

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཁར་གྲོང་སྡོད་ཁང་འཛུགས་སྐྲུན་ཐིན་ནས་ཤེས་གསལ་བྱུང་བ་ལྟར་ན། ད་ལོའི་ཟླ་བདུན་པའི་བར་དུ། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་བཙོག་ཆུ་གཙང་སྒྱུར་གྱི་བཟོ་གྲྭ་ཉི་ཤུ་ལས་ནས་འགྲུབ་ཡོད་ཅིང་། དེས་བཙོག་ཆུ་གཙང་སྒྱུར་བྱེད་ཚད་ཏུན་འབུམ་བཞི་དང་ཁྲི་གཅིག་ལ་བསླེབས་ཡོད། ཉེ་བའི་ལོ་འདི་འགར། «མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་མཁར་གྲོང་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་མྱུར་དུ་སྤེལ་བའི་སྐོར་གྱི་བསམ་འཆར»ལྟར། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོས་མཁར་གྲོང་གི་བཙོག་ཆུ་གཙང་སྒྱུར་བྱ་བར་མཐོང་ཆེན་བླ་མེད་བྱས་པ་མ་ཟད། མཁར་གྲོང་གི་བཙོག་ཆུ་གཙང་སྒྱུར་ལས་གཞི་སྐས་རིམ་གསར་བ་ཞིག་ཏུ་བསླེབས་ཡོད།

མིག་སྔར། རྫོང་ཉེར་བརྒྱད་ཀྱི་བཙོག་ཆུ་གཙང་སྒྱུར་བཟོ་གྲྭ་དངོས་སུ་ལས་བཞིན་ཡོད་ཅིང་། སྔོན་དཔག་བྱས་པ་ལྟར་ན། སང་ལོའི་ལོ་མཇུག་བར་ཡོངས་འགྲུབ་བྱས་ཏེ། རྫོང་མཁར་དང་མཁར་གྲོང་གི་བཙོག་ཆུ་གཙང་སྒྱུར་བྱེད་ཤུགས་སྔར་ལས་མཐོར་འདེགས་སུ་གཏོང་རྒྱུ་རེད། དེ་དང་མཉམ་དུ། དྲ་རྒྱའི་ལམ་ནས་བཙོག་ཆུ་གཙང་སྒྱུར་ལ་དོ་དམ་བྱེད་པའི་ཐབས་ཇུས་བྱ་བ་དམ་འཛིན་བྱས་ཏེ། ཀྲུང་དབྱང་གི་པུའུ་དང་ཨུ་ཡོན་ལྷན་ཁང་ལ་འབྲེལ་འདྲིས་བྱས་ནས། གོང་རིམ་གྱི་ལས་གཞི་དང་མ་དངུལ་བརྩོན་ལེན་བྱས་ཐོག འཐུས་སྒོ་ཚང་བའི་བཙོག་ཆུ་གཙང་སྒྱུར་མ་ལག་འབོར་ཆེན་འཛུགས་རྒྱུར་སྔར་ལས་ཤུགས་སྣོན་རྒྱུ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག