མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ལུའུ་ཏེན་ས་འགུལ་གནོད་ཐེབས་ས་ཁུལ་ལ་གཅེས་སེམས་འབུལ་བའི་ཡིག་གཟུགས་དང་རི་མོའི་བརྩམས་ཆོས་འོས་འབྲི་འོས་འཚོང་བྱ་འགུལ་ཟི་ལིང་ནས་སྤེལ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-15 10:31

111.jpg

    ཚེས་བཅུ་བཞི་ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། ཞིང་ཆེན་རིག་གནས་དང་གསར་འགྱུར་དཔེ་སྐྲུན་ཐིན། ཞིང་ཆེན་རྒྱང་སྒྲོག་གློག་བརྙན་བརྙན་འཕྲིན་ཅུའུ། ཞིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ་བཅས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི་མཚོ་སྔོན་གྱིས་ལུའུ་ཏེན་ས་འགུལ་གནོད་ཐེབས་ས་ཁུལ་ལ་གཅེས་སེམས་འབུལ་བའི་ཡིག་གཟུགས་དང་རི་མོའི་བརྩམས་ཆོས་འོས་འབྲི་འོས་འཚོང་བྱེད་པ་དང་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པ་བཙུགས་ནས་ལོ་འཁོར་བརྒྱ་དང་བཅུ་ལོན་པར་དྲན་གསོ་ཞུ་བ། འཛམ་གླིང་གི་མྱུར་སྐྱོབ་ཉིན་མོ་བཅོ་ལྔ་བར་དྲན་གསོ་ཞུ་བའི་བྱ་འགུལ་ཟི་ལིང་ལྟེ་གནས་ཐང་ཆེན་ནས་བསྡུས།

 333.jpg333.jpg

རི་མོ་བ་རྣམས་ཀྱིས་རི་མོ་འབྲི་བཞིན་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། ཞིང་ཆེན་རིག་གནས་དང་གསར་འགྱུར་དཔེ་སྐྲུན་ཐིན། ཞིང་ཆེན་རྒྱང་སྒྲོག་གློག་བརྙན་བརྙན་འཕྲིན་ཅུའུ། ཞིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ་བཅས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི་མཚོ་སྔོན་གྱིས་ལུའུ་ཏེན་ས་འགུལ་གནོད་ཐེབས་ས་ཁུལ་ལ་གཅེས་སེམས་འབུལ་བའི་ཡིག་གཟུགས་དང་རི་མོའི་བརྩམས་ཆོས་འོས་འབྲི་འོས་འཚོང་བྱེད་པ་དང་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པ་བཙུགས་ནས་ལོ་འཁོར་བརྒྱ་དང་བཅུ་ལོན་པར་དྲན་གསོ་ཞུ་བ། འཛམ་གླིང་གི་མྱུར་སྐྱོབ་ཉིན་མོ་བཅོ་ལྔ་བར་དྲན་གསོ་ཞུ་བའི་བྱ་འགུལ་ཚེས་བཅུ་བཞི་ཉིན་ཟི་ལིང་ལྟེ་གནས་ཐང་ཆེན་ནས་བསྡུས། གཙོ་སྒྲུབ་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་དང་། རི་མོ་བ། དང་བླངས་པ་སོགས་མི་ཉིས་བརྒྱ་ལྷག་བྱ་འགུལ་དུ་ཞུགས།

    ཡུན་ནན་ཞིང་ཆེན་ལུའུ་ཏེན་རྫོང་ལ་ཟླ་བརྒྱད་པའི་ཚེས་གསུམ་ཉིན་ས་འགུལ་བརྒྱུགས་རྗེས། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་མྱུར་དུ་སྤྱི་ཚོགས་ཀྱི་ལས་རིགས་སོ་སོར་ཡུན་ནན་ལུའུ་ཏེན་རྫོང་ལ་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་བ་མ་ཟད། གནོད་ཐེབས་ས་ཁུལ་ལ་སྒོར་མོ་འབུམ་གཅིག་གི་ཞལ་འདེབས་ཕུལ་བའི་ཞོར་དུ། རྒུད་སེལ་མྱུར་སྐྱོབ་མི་སྣ་བཅུ་རྩ་འཛུགས་བྱས་ནས་གནོད་ཐེབས་ས་ཁུལ་དུ་མངགས་ཏེ་ཉིན་བཅོ་ལྔའི་རིང་ལ་གནོད་སེལ་མྱུར་སྐྱོབ་བྱ་འགུལ་སྤེལ། རེབ་འདིའི་འོས་འཚོང་བྱ་འགུལ་སྟེང་དུ་ཐོབ་པའི་སྒོར་མོ་ཡོངས་རྫོགས་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ་བརྒྱུད་དེ་ལུའུ་ཏེན་རྫོང་གི་གནོད་ཐེབས་ས་ཆར་ཞལ་འདེབས་སུ་ཕུལ་བ་དང་། དེ་གནོད་ཐེབས་ས་ཁུལ་གྱི་ཁྱིམ་གཞི་བསྐྱར་འཛུགས་ཐད་བཀོལ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག