མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧྭ་ཐུའུ་ཀུ་གནམ་གྲུ་འབབ་ཚིགས་ཀྱི་དུས་སྐབས་སྔོན་མའི་འཛུགས་སྐྲུན་བྱ་བ་ལེགས་འགྲུབ་བྱས་ཏེ་ལོ་མཇུག་ཏུ་བཀོལ་སྤྱོད་བྱེད་ཐུབ་པའི་རེ་བ་ཡོད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-15 10:29

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མཚོ་སྔོན་གནམ་གྲུ་འབབ་ཚིགས་ཚད་ཡོད་ཀུང་ཟི་གནམ་གྲུ་འབབ་ཚིགས་འཛུགས་སྐྲུན་བཀོད་འདོམས་པུའུ་ནས་རྒྱུས་ལོན་པ་ལྟར་ན། ཧྭ་ཐུའུ་ཀུ་གནམ་གྲུ་ཀྱི་འཕུར་སྐྱོད་གོ་རིམ་གྱི་ཐོག་མའི་ཇུས་འགོད་ལ་དམངས་སྤྱོད་མཁའ་འགྲུལ་ནུབ་བྱང་ས་ཁུལ་དོ་དམ་ཅུའུ་ཡིས་ཆོག་མཆན་ཐོབ་པ་དང་། དེས་གནམ་གྲུ་འབབ་ཚིགས་ཀྱི་དུས་སྐབས་སྔོན་མའི་འཛུགས་སྐྲུན་བྱ་བ་ལེགས་འགྲུབ་བྱས་པ་མཚོན་ཡོད་ལ། ལོ་མཇུག་ཏུ་གནམ་གྲུ་འཕུར་སྐྱོད་ཀྱི་ཚོད་ལྟའི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་པའི་རེ་བ་ཡོད།

ཧྭ་ཐུའུ་ཀུ་དམངས་སྤྱོད་གནམ་གྲུ་འབབ་ཚིགས་བཟོ་འགོད་ནི་མཚོ་སྔོན་གྱི“ལྔ་བཅུ་གཉིས”པའི་གཙོ་གནད་འཛུགས་སྐྲུན་ལས་གཞི་ཡིན་ལ། མཚོ་སྔོན་གྱི“གཙོ་གནད་གཅིག་དང་གཞོགས་འདེགས་བརྒྱད”ཀྱི་གནམ་གྲུ་འབབ་ཚིགས་འཛུགས་སྐྲུན་རྣམ་པའི་ཁྲོད་ཀྱི་ལེགས་འགྲུབ་བྱེད་ལ་ཉེ་བའི་གནམ་གྲུ་འབབ་ཚིགས་ལྔ་བ་ཡིན། གནམ་གྲུ་འབབ་ཚིགས་ལེགས་འགྲུབ་བྱུང་རྗེས། མཚོ་སྔོན་གྱི་སྣུམ་ཞིང་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་དང་གྲངས་ཉུང་མི་རིགས་རིག་གནས་བརྗེ་རེས། མཐའ་ཁུལ་གྱི་སྤྱི་ཚོགས་བརྟན་བརླིང་། འཕྲལ་སྒྲུབ་མྱུར་སྐྱོབ་ནུས་པ་ཇེ་མཐོར་གཏོང་བ། མཁའ་འགྲུལ་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་ཐད་ལ་བྱེད་ནུས་གལ་ཆེན་འདོན་ཐུབ།

ཟླ6པའི་ཚེས10ཉིན་ཧྭ་ཐུའུ་ཀུ་གནམ་གྲུ་འབབ་ཚིགས་ལས་གཞིའི་བེད་སྤྱོད་ཆོག་པའི་ཞིབ་འཇུག་སྙན་ཞུ་ལ་ཆོག་མཆན་ཐོབ་རྗེས། ཟླ8པའི་ཚེས1ཉིན་ཧྭ་ཐུའུ་ཀུ་གནམ་གྲུ་འབབ་ཚིགས་ཀྱི་སྤྱིའི་འཆར་འགོད་ལ་དམངས་སྤྱོད་མཁའ་འགྲུལ་ནུབ་བྱང་ས་ཁུལ་དོ་དམ་ཅུའུ་ཡིས་ཆོག་མཆན་ཐོབ་ཞིང་། ཚེས20ཉིན་གནམ་གྲུ་འབབ་ཚིགས་ཀྱི་ཐོག་མའི་ཇུས་འགོད་དང་རགས་རྩིས་ལ་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཚོགས་དང་དམངས་སྤྱོད་མཁའ་འགྲུལ་ནུབ་བྱང་ས་ཁུལ་དོ་དམ་ཅུའུ་ཡིས་ཆོག་མཆན་ཐོབ་ཡོད། ཉེ་ལམ། ཧྭ་ཐུའུ་ཀུ་གནམ་གྲུ་འབབ་ཀྱི་འཕུར་སྐྱོད་གོ་རིམ་གྱི་ཐོག་མའི་ཇུས་འགོད་ལ་དམངས་སྤྱོད་མཁའ་འགྲུལ་ནུབ་བྱང་ས་ཁུལ་དོ་དམ་ཅུའུ་ཡིས་ཆོག་མཆན་གནང་།

གནམ་གྲུ་འབབ་ཚིགས་ཀྱི་སྤྱིའི་འཆར་འགོད་དང་འཕུར་སྐྱོད་ཀྱི་ཐོག་མའི་ཇུས་འགོད་ལ་ཆོག་མཆན་ཐོབ་པ་ནི་གནམ་གྲུ་འབབ་ཚིགས་བཟོ་འགོད་འཛུགས་སྐྲུན་གྱི་གནད་འགག་ཞིག་ཡིན་ལ། གནམ་གྲུ་ཤར་གཏོང་བྱེད་པའི་སྔོན་འགྲོའི་དགོས་ངེས་ཆ་རྐྱེན་ཞིག་ཡིན་པས་འདིས་གནམ་གྲུ་འབབ་ཚིགས་ཀྱི་དུས་སྐབས་སྔོན་མའི་འཛུགས་སྐྲུན་བྱ་བ་ལེགས་འགྲུབ་བྱས་པ་མཚོན་ཞིང་། ལོ་མཇུག་ཏུ་ཚོད་ལྟའི་འཕུར་སྐྱོད་བྱེད་ཐུབ་པའི་རེ་བ་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག