མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཛོ་རྒན་རྭ་བར་དམངས་སྤྱོད་གནམ་གྲུ་ཐང་ནས་ད་ལོའི་ལོ་མཇུག་ཏུ་གནམ་གྲུ་ཚོད་ལྟའི་ཚུལ་དུ་འཕུར་སྐྱོད་བྱེད་མགོ་རྩོམ་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-14 10:57

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན་མཚོ་སྔོན་གནམ་གྲུ་ཐང་ཀུང་ཟི་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་དམངས་སྤྱོད་གནམ་གྲུ་ཐང་ལྔ་བ་སྟེ་མཛོ་རྒན་རྭ་བར་དམངས་སྤྱོད་གནམ་གྲུ་ཐང་ནས་ད་ལོའི་ལོ་མཇུག་ཏུ་གནམ་གྲུ་ཚོད་ལྟའི་ཚུལ་དུ་འཕུར་སྐྱོད་བྱེད་མགོ་རྩོམ་རྒྱུ་རེད།

མཛོ་རྒན་རྭ་བར་དམངས་སྤྱོད་གནམ་གྲུ་ཐང་ནི་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ཁྲོད་དུ་གསར་དུ་འཛུགས་སྐྲུན་བྱེད་པར་འཆར་འགོད་བྱས་པའི་གནམ་གྲུ་ཐང་གཙོ་བོ་གཅིག་དང་ཕལ་བ་བརྒྱད་ནང་གི་གཅིག་ཡིན་པ་དང་། སའི་རྒྱ་ཁྱོན་ལ་མུའུ་སྟོང་གཉིས་དང་བདུན་བརྒྱ་ཡོད་པ་དང་། རྒྱུགས་ལམ་སྤྱི་ལེ་གསུམ་དང་གྲངས་ཆུང་དྲུག་དང་གནམ་གྲུ་ས་ཚིགས་ཀྱི་ཐོག་ཁང་ལ་མུས་གྲུ་བཞི་མ་སྟོང་གསུམ་ཡོད་ཅིང་། འཛུགས་སྐྲུན་བྱེད་ཡུན་ལོ་གསུམ་རེད། མཛོ་རྒན་རྭ་བར་གནམ་གྲུ་ཐང་ལ་དམངས་སྐྱོད་མཁའ་འགྲུལ་ག་བཞི་རིམ་པའི་ཚད་གཞི་ལྟར་ལས་ཡོད་པ་དང་། གནམ་གྲུ་ཐང་གི་རྒྱུགས་ལམ་གྱི་རིང་ཚད་ལ་མུས་སྟོང་གསུམ་དང་དྲུག་བརྒྱ་ཡོད།

མཛོ་རྒན་རྭ་བར་གནམ་གྲུ་ཐང་འཛུགས་སྐྲུན་བྱས་པ་དང་གནམ་གྲུ་འཕུར་སྐྱོད་བྱེད་མགོ་བརྩམས་རྗེས། ས་དེའི་ཐོན་ཁུངས་གསར་སྤེལ་ཐད་ལ་མཁའ་འགྲུལ་ཐད་ནས་རྒྱབ་སྐྱོར་བྱེད་ཐུབ་པ་མ་ཟད། མདོ་དབུས་མཐོ་སྒང་གི་མཁའ་འགྲུལ་དྲ་རྒྱའི་རྣམ་པ་སྔར་ལས་འཐུས་ཚང་དུ་གཏོང་ཐུབ།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག