མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མ་དངུལ་སྒོར་དུང་ཕྱུར1.46བཀོད་སྒྲིག་བྱས་ནས་མཚོ་སྔོན་དང་ཟི་ཁྲོན། ཀན་སུའུ་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ཀྱི་འཕྲོད་བསྟེན་རྨང་གཞིའི་སྒྲིག་ཆས་ལེགས་བཅོས་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-14 10:56

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་དང་ཟི་ཁྲོན། ཀན་སུའུ་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ཀྱི་བདེ་འཇགས་དང་དར་སྤེལ་བཟོ་སྐྲུན་ལག་བསྟར་ཟབ་མོ་བྱས་པ་དང་བསྟུན། སྤྱི་ཚོགས་ལས་དོན་ཐད་ཀྱི་འཛུགས་སྐྲུན་ལས་གཞི་སྣ་ཚོགས་ཀྱང་གཅིག་རྗེས་གཉིས་མཐུད་དུ་སྤེལ་བཞིན་ཡོད། མཚོ་སྔོན་དང་ཟི་ཁྲོན། ཀན་སུའུ་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ཀྱི་སློབ་གསོའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་ལ་མ་དངུལ་བཀོད་སྒྲིག་བྱས་རྗེས། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཉེ་ལམ་ཡང་བསྐྱར་མ་དངུལ་སྒོར་མོ་དུང་ཕྱུར1.46བཏང་སྟེ། མཚོ་སྔོན་དང་། ཟི་ཁྲོན། ཀན་སུའུ་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ཀྱི་འཕྲོད་བསྟེན་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་པར་རོགས་རམ་བྱས་ནས། ས་ཁོངས་ནང་ཁུལ་གྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྒྲིག་ཆས་ཀྱི་ཆ་རྐྱེན་ཇེ་བཟང་དུ་བཏང་།

མཚོ་སྔོན་དང་ཟི་ཁྲོན། ཀན་སུའུ་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ཀྱི་བདེ་འཇགས་དང་དར་སྤེལ་བཟོ་སྐྲུན་ལག་བསྟྲ་བྱེད་པའི་བསམ་འཆར་གྱི་དགོངས་དོན་ལྟར། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མཐུན་སྦྱོར་གང་ལེགས་བྱས་ནས། མ་དངུལ་བཀོད་སྒྲིག་བྱས་ཏེ་གཙོ་བོ་གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་མ་ལག་དང་། ནད་ལྗིད་མོ་སྔོན་འགོག་ཚོད་འཛིན་མ་ལག ཟས་རིགས་བདེ་འཇགས་ཉེན་ཁའི་ལྟ་ཞིབ་ཚད་ལེན་མ་ལག ཀུན་མཁས་སྨན་པའི་སྒོ་བསྟེན་གསོ་སྦྱོང་རྟེན་གཞི། ས་གནས་དང་གྲོང་ཁྱེར་རིམ་པའི་སྨན་ཁང་སོགས་བཟོ་སྐྲུན་ལག་བསྟར་བྱས་ལ། དེའི་ནང་དུ་ཁུལ་རིམ་པའི་ཕྱོགས་བསྡུས་སྨན་ཁང་གཅིག་དང་། ཀུན་མཁས་སྨན་པའི་སྒོ་བསྟེན་གསོ་སྦྱོང་རྟེན་གཞི་གཅིག ཁུལ་རིམ་པའི་ནད་ཡམས་སྔོན་འགོག་ཚོད་འཛིན་ཚོད་ལྟ་ཁང་གཅིག ཁུལ་རིམ་པའི་བུད་མེད་དང་བྱིས་པའི་བདེ་སྲུང་ཁང་གཅིག རྫོང་རིམ་པའི་ནད་ཡམས་སྔོན་འགོག་ཚོད་འཛིན་ཚོད་ལྟ་ཁང་གཅིག རྫོང་རིམ་པའི་སྨན་ཁང་གཅིག ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ཞེ་གཅིག སྡེ་བའི་འཕྲོད་བསྟེན་ཁང་ཉིས་བརྒྱ་དང་ང་དྲུག ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གྱ་གཅིག་ལ་སྨན་པའི་ཉལ་ཁང་ཉིས་བརྒྱ་དང་ཞེ་གསུམ་ལས་པ་སོགས་འདུ། ལས་གཞི་དེ་དག་ལག་བསྟར་བྱས་རྗེས། འཕྲོད་བསྟེན་རྨང་གཞིའི་སྒྲིག་ཆས་ཀྱིས་མཚོ་སྔོན་དང་ཟི་ཁྲོན། ཀན་སུའུ་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོབ་ཐད་ཐོན་པའི་རྒྱབ་རྟེན་གྱི་ནུས་པ་སྔར་ལས་ཇེ་ཆེར་གཏོང་ཐུབ།

ཤེས་གསལ་ལྟར་ན། ད་ལོར་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མ་དངུལ་སྒོར་མོ་དུང་ཕྱུར4.44བཏང་ནས། གཙོ་བོ་ཞིང་ཆེན་ནང་ཁུལ་གྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་སོགས་ཕྱོགས་བདུན་གྱི་འཛུགས་སྐྲུན་རྣམ་གྲངས་བརྒྱད་བརྒྱ་དང་སོ་བརྒྱད་ལག་བསྟར་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་རྨང་གཞིའི་སྒྲིག་ཆས་ཀྱི་ཆ་རྐྱེན་ཇེ་བཟང་དུ་བཏང་སྟེ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག