མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རང་ཞིང་གིས་ཁྱིམ་ཐོ་ལམ་ལུགས་བཅོས་བསྒྱུར་བྱས་ནས་ལོ་ངོ་གསུམ་བར་རོང་འབྲོག་པ་མང་ཚོགས་ཁྲི95མཁར་གྲོང་གི་མི་རུ་གྱུར་བ་རེད།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-14 10:25

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  མཚོ་སྔོན་ཞིང་ཆེན་ནི་ཁྱིམ་ཐོ་ལམ་ལུགས་བཅོས་བསྒྱུར་བྱེད་པར་ཅུང་སྔ་བའི་ཞིང་ཆེན་ཞིག་ཡིན་ལ།  ཞིང་ལས་ས་ཁུལ་དང་འབྲོག་ཁུལ་གྱི་རྣམ་པ་མི་གཅིག་པ་དང་མང་ཚོགས་ཀྱི་འདོད་བློ་ལྟར། ཁྱིམ་ཐོ་ལམ་ལུགས་བཅོས་བསྒྱུར་བྱེད་པའི་སྲིད་ཇུས་མང་པོ་གཏན་འབེབས་བྱས་པས། རོང་འབྲོག་པ་མང་པོ་ཞིག་མཁར་གྲོང་གི་མི་རུ་གྱུར་བ་དང་། ཁོ་ཚོའི་མཁར་གྲོང་ཅན་དང་མཁར་གྲོང་གཅིག་གྱུར་གྱི་སྲིད་ཇུས་གསར་བ་མྱོང་བཞིན་པའི་དུས་མཚུངས་སུ།  སྔར་ཡོད་ས་གཞིའི་བདག་དབང་སོགས་ཁྲིམས་མཐུན་གྱི་ཁེ་དབང་ཡང་འགན་སྲུང་ཐོབ་ཡོད་པ་རེད།  2014ལོའི་ཟླ7པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་ཀྱི་དུད་ཁྱིམ་ཁྲི26.69ལས་མི་གྲངས་ཁྲི95.89ལ་ཁྱིམ་ཐོ་བསྒྱུར་བ་དང་མཁར་གྲོང་གི་ཁྱིམ་ཐོ་འགྲོ་ལུགས་སྒྲུབ་མཐར་ཁོ་ཚོ་མཁར་གྲོང་གི་མི་རུ་གྱུར་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག