མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀའོ་རྒྱ་མཚོ་ང་ཆེས་དགའ་བའི་མི་དམངས་ཉེན་རྟོག་པ་ཞེས་པའི་འདེམ་སྒུག་མི་སྣའི་གྲས་སུ་ཚུད་ཡོད།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-13 11:23

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཀུན་གྱིས་དོ་སྣང་བྱེད་པའི“རྒྱལ་ཡོངས་སྐབས་ལྔ་བའི་ང་ཆེས་དགའ་བའི་མི་དམངས་ཉེན་རྟོག་པ་ཞེས་པའི་དཔྱད་འདེམ་བྱ་འགུལ”ཟླ9བའི་ཚེས12ཉིན་དངོས་སུ་སྤེལ་མགོ་བརྩམས། སྐོར་དང་པོའི་མིང་ཐོའི་ཁྲོད་དུ་འདེམ་སྒུག་པ20ཡོད་པ་དང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་སྤྱི་བདེ་ཅུའུ་མཁར་དམར་མངག་གཏོང་ཁང་གི་ཁྲིད་སྟོན་པ་ཀའོ་རྒྱ་མཚོ་མིང་ཐོའི་གྲས་སུ་ཚུད་ཡོད་པ་རེད།

ལོ7གྱི་ཡར་སྔོན་ལ་ཀའོ་རྒྱ་མཚོ་ཡིས་རང་གི་ཕ་མ་དང་བྱིས་པ་བསྐྱུར་ཏེ། ཆུང་མ་ཁྲིད་དེ་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་བར་གྱི་འབྲེལ་མཚམས་ཏེ་རྫོང་མཁར་དང་བར་ཐག་སྤྱི་ལེ་ཉིས་བརྒྱ་ཡོད་པའི་མང་རྫ་སྡེ་བར་སོང་ནས། ཁུལ་ཡོངས་ཀྱི“བཟའ་ཟླའི་ཉེན་དོན་ཁང”ཐོག་མ་བཙུགས། རང་བྱུང་ཁོར་ཡུག་ཞན་ཞིང་འཚོ་བར་དཀའ་ཁག་ཆེ་བའི་གནས་ཚུལ་འོག་ཏུ། ཁོས་བྱ་བའི་བྱེད་ཐབས་གསར་སྐྲུན་བྱས་ཏེ་ས་དེའི་ཁྱིམ་ཚང་བརྒྱ་ལྷག་གི་དོན་དག་ཐག་གཅོད་རོགས་བྱས་ནས། མང་རྫ་སྡེ་བར་བདེ་འཇགས་འཆམ་མཐུན་གྱི་ཁོར་ཡུག་ཅིག་བསྐྲུན་པས། ས་དེའི་བོད་རིགས་མང་ཚོགས་ཀྱི་གཟེངས་བསྟོད་ཆེན་པོ་ཐོབ། ཀའོ་རྒྱ་མཚོ་ལ“རྒྱལ་ཡོངས་ཀྱི་ཕུལ་བྱུང་མི་དམངས་ཉེན་རྟོག་པ”དང་། “ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”། “ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་ཕུལ་བྱུང་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མྱོང་། 

ཐེངས་འདིའི་དཔྱད་འདེམ་བྱ་འགུལ་ལས་མང་ཚོགས་ཀྱི་བསམ་ཚུལ་དང་པོར་བཞག་ཡོད་པ་དང་།  དཔྱད་འདེམ་གྱི་དབང་ཆ་མང་ཚོགས་ལ་སྤྲད་ཡོད། མང་ཚོགས་ཀྱིས་ལྟ་སྐུལ་བྱེད་པ་དང་དཔྱད་འདེམ་བྱེད་པ་སོགས་བྱེད་ཐབས་མང་པོ་སྤྱད་དེ་བདམས་ཐོན་བྱུང་བ་ཡིན་ལ།  དཔྱད་འདེམ་མཇུག་འབྲས་ཟླ10བའི་ཟླ་སྨད་དུ་ཁྱབ་བསྒྲགས་བྱེད་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག