མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་སྐབས་བཞི་བའི་འཆད་ཁྲིད་སྤེལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-13 11:22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས12ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་འཆད་ཁྲིད་སྐབས་བཞི་བ་དེ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ཁང་གི་ཚོགས་འདུ་ཁང་ནས་སྤེལ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་། ཀྲུའུ་ཞི་གཞོན་པ་ཁྲིན་ཙི་ཆོན་དང་པའོ་དབྱི་ཀྲི། རིན་ཆེན་རྣམ་རྒྱལ། ཅི་རིན་ཧྥིན། ད་དུང་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་འགའ་བཅས་ཐེངས་འདིའི་འཆད་ཁྲིད་བྱ་འགུལ་ལ་ཞུགས། ཐེངས་འདིའི་འཆད་ཁྲིད་སྤེལ་མཁན་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པའམ། ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་དགེ་རྒན་ཆེན་མོ་ཀྲུའུ་ཡུང་ཞིན་ལགས་རེད།

འཆད་ཁྲིད་ཀྱི་སྐབས་སུ། དགེ་རྒན་ཀྲུའུ་ཡུང་ཞིན་གྱིས“དཔེ་ཀློག་གིས་མི་ཚེ་བསྒྱུར་བ”ཞེས་པ་བརྗོད་གཞིར་བཟུང་ནས། མི་ཚེ་དང་དཔེ་ཀློག མི་སྒེར་་དང་དཔེ་ཀློག གྲོང་ཁྱེར་དང་དཔེ་ཀློག མི་རིགས་དང་དཔེ་ཀློག་རིག་གནས་བར་གྱི་འབྲེལ་བ་སོགས་མཐོང་སྣེ་མི་འདྲ་བ་དུ་མ་ནས། རང་ཉིད་ཀྱི་ངོས་ཟིན་དང་དཔེ་ཀློག་གི་གལ་ཆེན་རང་བཞིན་གླེང་བ་མ་ཟད། སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ངེས་པར་དུ་དཔེ་ཆ་ཀློག་པའི་གོམས་གཤིས་བཟང་བོ་རང་རྒྱུད་ལ་འཇགས་པར་བྱས་ཏེ། དཔེ་ཀློག་ནི་སྤྱི་ཚོགས་དང་མི་རིགས་གང་ལ་མཚོན་ནའང་གལ་ཆེན་ཡིན་པར་ངོས་ཟིན་རྙེད་དགོས་ཞེས་བཤད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག