མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་མི་རབས་རྗེས་མར་ཐུགས་ཁུར་བྱེད་པའི་ཐེབས་རྩ་ཚོགས་པ་བཙུགས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-13 11:22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས12ཉིན།  མཚོ་སྔོན་ཞིང་ཆེན་གྱི་མི་རབས་རྗེས་མར་ཐུགས་ཁུར་བྱེད་པའི་ཐེབས་རྩ་ཚོགས་པ་འཛུགས་པའམ་སྐབས་དང་པོའི་ལས་འཛིན་གྲོས་ཚོགས་ཟི་ལིང་ནས་བསྡུས།  ཞིང་ཆེན་མི་རབས་རྗེས་མ་ཐུགས་ཁུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སངས་རྒྱས་རྒྱལ་དང་རྒྱུན་ལས་ཀྲུའུ་རིན་གཞོན་པ་ལོས་མིན་ཅིན། མྰ་ཧྥུ་ཧེ། ཀྲུའུ་རིན་གཞོན་པ་ཡོས་ཧྲི་ཧྲོ། ཀྲའོ་ཆིས་ཀྲུང་དང་ཆན་ཡུན་ཞའོ།  ལོས་ཡས་ལན།  ཧན་ཡས་ཀོས་སོགས་གྲོས་ཚོགས་སྟེང་ཞུགས།

ཞིང་ཆེན་མི་རབས་རྗེས་མར་ཐུགས་ཁུར་བྱེད་པའི་ཐེབས་རྩ་ཚོགས་པ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་བཀོད་པ་དང་། ཞིང་ཆེན་དམངས་སྲིད་ཐིན་དུ་ཐོ་འགོད་བྱེད་པ། ཞིང་ཆེན་ལས་བྱེད་རྒན་པ་ཅུའུ་ཡིས་གཙོ་འགན་ཁུར་བའི་ས་གནས་རང་བཞིན་གྱི་སྤྱི་བསྡུ་ཐེབས་རྩ་ཚོགས་པ་ཞིག་ལ། ཞིང་ཆེན་ཡོངས་ལ་ཁ་ཕྱོགས་ནས་ཞལ་འདེབས་མ་དངུལ་བསྡུ་བཞིན་ཡོད།  སྔར་ཡོད་ཐེབས་རྩའི་མ་དངུལ་སྒོར་ཁྲི500ནི་ཞིང་ཆེན་ནོར་སྲིད་ཐིན་གྱིས་འགྲེམ་གཏོང་བྱས་པ་དང་། 2013ལོར་རའོ་ཞིན་རྒྱུན་བཀོལ་ལུས་གསོ་ཐོན་རྫས་ཚད་ཡོད་ཀུང་ཟིས་ཐེབས་རྩ་ཚོགས་པ་འདིར་ཞལ་འདེབས་མ་དངུལ་སྒོར་ཁྲི100ཞལ་འདེབས་སུ་ཕུལ། ཐེབས་རྩ་ཚོགས་པ་འདིས“སྤྱི་ཚོགས་ལ་འབོད་སྐུལ་བཏང་སྟེ་བྱམས་སེམས་ཕུལ་བ་དང་།  སྤྱི་ཕན་སྙིང་རྗེ་བྱ་གཞག་ལ་དོ་སྣང་བྱེད་པ། ནུས་ཤུགས་ཡོད་ཚད་ཕུལ་ནས་ན་གཞོན་ལ་དོན་དངོས་སྒྲུབ་པ་དང་དཀའ་ཁག་སེལ་རོགས་བྱེད་པར”རྩ་དོན་དུ་བཟུང་ནས།  རིག་རྩལ་འཁྲབ་སྟོན་བྱེད་པ་དང་དངོས་ཟོག་ཕྱི་ཚོང་བྱེད་པ་བཅས་ཁྲིམས་མཐུན་གྱི་བྱེད་ཐབས་གཞན་དག་སྤྱད་ནས།  ཐེབས་རྩའི་མ་དངུལ་ཡར་འཕར་བར་སྐུལ་འདེད་བྱས། ཞལ་འདེབས་མ་དངུལ་ཚང་མ་ན་གཞོན་དབུལ་བོ་དང་དབང་བོ་སྐྱོན་ཅན་བཅས་ལ་རོགས་སྐྱོར་བྱེད་པ་དང་།  ན་གཞོན་བྱིས་པ་བདེ་བླག་ངང་འཚར་ལོངས་བྱུང་བར་སྒྲུབ་པའི་སྤྱི་ཕན་བྱ་འགུལ་ལ་རྒྱབ་སྐྱོར་བྱེད་པ།  ན་གཞོན་བྱིས་པ་ཕུལ་བྱུང་ཅན་དང་མི་རབས་རྗེས་མར་ཐུགས་ཁུར་བྱེད་པའི་ཕུལ་བྱུང་ལས་བྱེད་པར་བྱ་དགའ་གནང་བ་བཅས་ཡིན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག