མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གཅིག་སྒྲིལ་རྫོང་ཏང་ཨུས་ཁྱིམ་ཚང་ཕན་ཚུན་བར་རོགས་རམ་བྱེད་པའི་བྱ་བའི་འབྲེལ་འདྲིས་ལམ་ལུགས་ལག་བསྟར་བྱས་ཏེ་མང་ཚོགས་ལ་ཕན་བཏགས།

  ཡོང་ཁུངས། བོད་ལྗོངས་ཆ་འཕྲིན་ལྟེ་གནས།  2014-09-13 11:22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་ཏང་ཨུས་ཁྱིམ་ཚང་ཕན་ཚུན་བར་རོགས་རམ་བྱེད་པའི་བྱ་བའི་འབྲེལ་གཏུག་ལམ་ལུགས་གཏན་ལ་ཕབ་པའི་ཚུན་ལ། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ལས་བྱེད་པས་དེ་དང་དུ་བླངས་ཤིང་། བྱ་བའི་དོན་དངོས་དང་ཟུང་དུ་སྦྲེལ་ནས། མང་ཚོགས་ལ་དོན་དངོས་དང་དོན་བཟང་བསྒྲུབས་ཏེ། རྒྱུན་ཆད་མེད་པར་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ།

ཉེ་ལམ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་སྐལ་བཟང་རྒྱལ་མཚན་ཚན་གཙོ་ཡིན་པའི་བྱ་བའི་ཚན་ཁག་དྲུག་ཆེན་སུམ་མདོ་གྲོང་རྡལ་ཉིན་ཡོལ་སྡེ་བ་དང་། བསྒོས་བརྒྱང་སྡེ་བའི་ཁྱིམ་ཚང་རེ་རེར་སོང་ནས་རྟོག་ཞིབ་བྱས་རྗེས། དཀའ་ཁག་ཅན་གྱི་ཁྱིམ་ཚང་ཉེར་བཞི་རོགས་སྐྱོར་བྱེད་ཡུལ་དུ་གཏན་ལ་ཕབ་པ་མ་ཟད། ཁྱིམ་ཚང་ཕན་ཚན་བར་རོགས་རམ་བྱེད་པའི་བྱ་འགུལ་སྤེལ། རེབ་འདིའི་བྱ་འགུལ་ཁྲོད་དུ་བསྡོམས་པས་དཀའ་ཁག་ཅན་གྱི་ཁྱིམ་ཚང་ཉེར་བཞིར་སྒོར་མོ་ཁྲི་གཅིག་དང་སྟོང་བཞི་བཞི་བརྒྱ་དང་། ནས་ཏུན་བདུན་ལྷག་ཞལ་འདེབས་སུ་ཕུལ།

གོ་རིམ་རྗེས་མར་བྱ་བའི་ཚན་ཆུང་གིས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་ཐབས་ལམ་འཚོལ་ཞིབ་བྱས་ནས། དཀའ་ཁག་ཅན་གྱི་ཁྱིམ་ཚང་གི་ངལ་རྩོལ་པར་རྩལ་ནུས་གསོ་སྦྱོང་བྱེད་དུ་འཇུག་པ་དང་། ས་ཆ་གཞན་དུ་ལས་ཀར་འགྲོ་བ་སོགས་ཀྱི་ཐད་ནས་འབད་པ་བྱས་ཏེ་ཁ་གཏད་རོགས་སྐྱོར་ཁྱིམ་ཚང་སྔ་མོ་ནས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་བརྩོན་ལེན་བྱེད་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག