མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་རིགས་སོ་སོ་དང་ལས་རིགས་སོ་སོས་བློ་མཐུན་ཀྲང་ཡུང་ལ་སློབ་སྦྱོང་བྱེད་པའི་མཐོ་རླབས་བསླངས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-12 11:09

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་ཏང་ཨུས«བློ་མཐུན་ཀྲང་ཡུང་ལ་སློབ་སྦྱོང་བྱེད་པའི་སྐོར་གྱི་ཆོད་དོན»སྤེལ་རྗེས་ཞིང་ཆེན་ཡོངས་ཀྱི་ལས་རིགས་སོ་སོའི་ཁྲོད་ནས་གྲགས་འགུལ་ཆེན་པོ་བྱུང་། སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་ཆེད་དོན་སློབ་སྦྱོང་ཚོགས་འདུ་དང་། བཞུགས་མོལ་ཚོགས་འདུ། གཏམ་བཤད་ཚོགས་འདུ་བཅས་བསྡུས་ནས། བློ་མཐུན་ཀྲང་ཡུང་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་བཟང་བོར་སྤེལ་ཏེ། མེ་གསོད་ཉེན་རྟོག་དཔོན་དམག་བློ་མཐུན་ཀྲང་ཡུང་ལ་སློབ་སྦྱོང་བྱེད་པའི་མཐོ་རླབས་ཤིག་བསླངས།

རིགས་སོ་སོ་དང་ལས་རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་ལང་ལོང་སྒོས་བསྟན་དོན། བློ་མཐུན་ཀྲང་ཡུང་ནི་མཐོ་སྒང་གི་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཕུལ་བྱུང་གུང་ཁྲན་ཏང་ཡོན་ཞིག་ཡིན་ལ། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་འཐུས་མི་ཞིག་ཀྱང་རེད། ཁོའི་མི་སེམས་འགུལ་བའི་བྱས་རྗེས་ཀྱིས་རྒྱ་ཆེའི་མང་ཚོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱས་ནས། བློ་གཅིག་སེམས་གཅིག་སྒོས་མི་དམངས་ལ་ཞབས་འདེགས་ཞུ་བའི་བླ་མེད་གཤིས་རྒྱུད་བཟང་བོར་མཚོན་ཐུབ། ང་ཚོས་ཁོའི་ཏང་ལ་བློ་དཀར་ཞིང་། རྒྱལ་ཁབ་ཀྱི་ཆེད་དུ་ཡོད་ཚད་ཕུལ་བའི་ཆབ་སྲིད་ཀྱི་གཤིས་རྒྱུད་བཟང་བོར་སློབ་སྦྱོང་བྱེད་དགོས་པ་དང་། ལས་གནས་ལ་དགའ་ཞེན་ཆེ་བ་དང་། དཀའ་སྤྱད་འབད་བརྩོན་གྱི་འགན་ཁུར་འདུ་ཤེས་ལ་སློབ་སྦྱོང་བྱེད་པ། ཁོའི་སེམས་ལ་མང་ཚོགས་བཅངས་པ་དང་། དམངས་ལ་དགའ་ཞེན་ཆེ་བའི་སྤྱི་ཞབས་པ་ཞིག་གི་བརྩེ་སེམས་ལ་སློབ་སྦྱོང་བྱེད་པ་དང་། ཁོའི་སྒེར་དོར་སྤྱི་སྐྱོང་དང་། སྤྱོད་གཙང་རང་གཅུན་གྱི་ལས་རིགས་སྤྱོད་ལམ་ལ་སློབ་སྦྱོང་བྱེད་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག