མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དབང་མོས་འཐུས་མིའི་གྲོས་གཞི་གཙོ་བོ་སྒྲུབ་པའི་བྱ་བར་ལྟ་སྐུལ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-12 11:09

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབང་མོས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཁ་ཤས་ཁྲིད་དེ་དཔའ་ལུང་རྫོང་དུ་སོང་ནས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་སྟེང་གཏན་ཁེལ་བྱས་པའི་གྲངས་ཉུང་མི་རིགས་དབུལ་ཕོངས་རྫོང་གི་ནོར་སྲིད་སྤོ་སྒྱུར་དངུལ་གཏོང་ནུས་ཤུགས་ཇེ་ཆེར་གཏོང་བའི་སྐོར་གྱི་འཐུས་མིའི་གྲོས་གཞི་གཙོ་བོ་སྒྲུབ་པར་ལྟ་སྐུལ་བྱས།

ལྟ་སྐུལ་ཚན་ཆུང་གིས་དཔའ་ལུང་རྫོང་ནས་གྲོས་གཞི་འདོན་མཁན་གྱི་འཐུས་མིས་གྲོས་གཞི་སྒྲུབ་པའི་གནས་ཚུལ་ལ་ཡིད་ཚིམ་མིན་ཐད་ནས་བཤད་པའི་སྐར་ཆར་ཉན་པ་དང་། ཞིང་ཆེན་ནོར་སྲིད་ཐིན་དང་དཔའ་ལུང་རྫོང་སྲིད་གཞུང་གཉིས་ཀྱིས་ཉེ་བའི་ལོ་འགའི་རིང་གི་ནོར་སྲིད་སྤོ་སྒྱུར་དངུལ་གཏོང་གནས་ཚུལ་ཡར་ཞུ་བྱས་པར་ཉན། ལྟ་སྐུལ་དང་བརྟག་བཤེར་གནས་ཚུལ་ལ་བལྟས་ན། ཞིང་ཆེན་ནོར་སྲིད་ཐིན་གྱིས་འཐུས་མིའི་གྲོས་གཞི་སྒྲུབ་པའི་བྱ་བར་དོ་སྣང་ཆེན་པོ་དང་། གྲོས་གཞི་སྒྲུབ་པའི་བྱ་བའི་ཐད་རྒྱུས་ལོན་གསལ་བོ་བྱས་ཡོད་པ་དང་། འགན་འཁྲི་དང་ནུས་ཐོན་དུས་ཚོད་གསལ་བོ་བྱས་པ། བྱ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། གྲོས་གཞི་སྒྲུབ་པའི་གོ་རིམ་སྔར་ལས་ཚད་ལྡན་དང་རྒྱུ་སྤུས་སྔར་ལས་ཇེ་མཐོར་གཏོང་བ་བཅས་བྱས་ནས། འཐུས་མིའི་གྲོས་གཞི་སྒྲུབ་པའི་བྱ་བ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱས་ཡོད།

དབང་མོས་བསྟན་དོན། འཐུས་མིའི་གྲོས་གཞི་འགན་སྒྲུབ་བྱེད་པའི་ལས་ཁུངས་ཀྱིས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་གྲོས་གཞི་སྒྲུབ་པའི་བྱ་བའི་ཐད་ཀྱི་ངོས་ཟིན་སྔར་ལས་ཇེ་མཐོར་བཏང་ནས། རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། འགན་སྒྲུབ་དང་གྲོས་གཞི་སྒྲུབ་པར་སྐུལ་འདེད་བྱེད་པ། མཐུན་སྦྱོར་དང་ཞིབ་བཤེར་གཏན་འབེབས་བྱེད་པ་སོགས་ཀྱི་བརྒྱུད་རིམ་ཇེ་ཞིབ་ཏུ་བཏང་ནས། གྲོས་གཞི་སྒྲུབ་པར་ལྟ་སྐུལ་དང་དུས་བཅད་ལྟར་སྒྲུབ་པ། རྗེས་འདེད་བརྟག་བཤེར་བྱེད་པ། འཐུས་མིས་ཕྱིར་ལན་འདེབས་པ་སོགས་ཀྱི་བྱེད་ཐབས་ལ་ཤུགས་བསྣན་ནས། འཐུས་མིའི་གྲོས་གཞི་སྒྲུབ་པའི་བྱ་བའི་ཕན་ནུས་ཇེ་ཆེར་གཏོང་དགོས་པ་དང་། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱེད་པའི་གཏན་ཁེལ་འགའི་རེ་བ་ལྟར་དུ། ཁྲིམས་ལྟར་དང་རིམ་པ་བཞིན་དུ་རྫོང་རིམ་པའི་ནོར་སྲིད་སྤོ་སྒྱུར་དངུལ་གཏོང་ནུས་ཤུགས་ཇེ་ཆེར་གཏོང་བ་དང་། མི་རིགས་རང་སྐྱོང་ས་ཁུལ་གྱི་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ། མ་དངུལ་དེ་དག་མི་རིགས་རང་སྐྱོང་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་བྱེད་པའི་ཐད་བཀོལ་ཏེ། དར་རྒྱས་ཆེ་བའི་ས་ཁུལ་དང་མི་རིགས་རང་སྐྱོང་ས་ཁུལ་གཉིས་བར་གྱི་བར་ཁྱད་ཇེ་ཆུང་དུ་གཏོང་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག